ཉམས་ཞིབ་བྱེད་མཁན་སློབ་ཕྲུག་དང་མཇལ་འཕྲད།


2014.02.18
ཕྱི་དྲིལ་དྲུང་ཆེ་མཆོག་གིས་བོད་སྐོར་ངོ་སྤྲོད་གནང་བཞིན་པ། ༢༠༡༤།༢།༡༨ ཕྱི་དྲིལ་དྲུང་ཆེ་མཆོག་གིས་བོད་སྐོར་ངོ་སྤྲོད་གནང་བཞིན་པ། ༢༠༡༤།༢།༡༨
པར། བོད་མིའི་སྒྲིག་འཛུགས།

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དང་དྲིལ་བསྒྲགས་དྲུང་ཆེ་སྐུ་ཞབས་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཚེས་༡༨ཉིན་ཨ་མི་རི་ཀ་དང་ཁཱ་ན་ཊ་སོགས་བྱང་ཨ་མི་རི་ཀའི་ཁུལ་ནས་རྡ་སར་བཅར་བའི་ཇིའུ་མི་རིགས་ཀྱི་སློབ་ཕྲུག་༥༠ལྷག་ལ་མཇལ་འཕྲད་ཡོད་པ་དང་། སྐབས་དེར་ཁོང་ཚོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བོད་དོན་ཐད་གཞི་རྩའི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ཇི་ཡིན་གསལ་བཤད་གནང་བ་དང་སྦྲགས་གཙོ་བོ་བོད་ཀྱི་གནད་དོན་དེ་རྒྱ་ནག་གཞུང་དང་ལྷན་དུ་བོད་རྒྱ་གཉིས་ཕན་དབུ་མའི་ལམ་ལ་གཞིར་བཞག་གིས་གྲོས་མོལ་གྱི་ཐོག་ནས་ཐག་གཅོད་གནང་ཐབས་གནང་གི་ཡོད་པ་ཡང་གསལ་བཤད་གནང་ཡོད་པ་རེད།    
སློབ་ཕྲུག་དེ་དག་ཕལ་ཆེ་བའི་ཐོག་མའི་འབྱུང་ཁུངས་ནི་Israelནས་ཡིན་པའི་ཇིའུ་
མི་རིགས་ཀྱི་ཕ་མེས་ལས་མཆེད་པ་ཡིན་འདུག ཁོང་རྣམ་པ་ལོ་འཁོར་གུང་སེང་སྐབས་འཛམ་གླིང་གི་ས་ཁུལ་གང་སར་བསྐྱོད་རྒྱུའི་ཤེས་ཡོན་ལས་འཆར་གྱི་ཆ་ཤས་ཁོངས་སུ་གཙོ་བོ་ད་རེས་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་བཅར་ནས་བོད་དང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྐོར་ཉམས་ཞིབ་སློབ་སྦྱོང་བྱ་བར་འབྱོར་བ་ཡིན་པ་རེད།
གསར་འགོད་པ་འབེན་པ་སྟོབས་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎