པད་ནོར་རིན་པོ་ཆེའི་ཡང་སྲིད་འཁྲུངས་འདུག


2013.12.05
པད་ནོར་རིན་པོ་ཆེ་དང་ཡང་སྲིད། པད་ནོར་རིན་པོ་ཆེའི་ཡང་སྲིད་འཁྲུངས་འདུག
པར། རྣམ་གྲོལ་གླིང་།

སྔ་འགྱུར་རྙིང་མའི་བླ་ཆེན་ཞིང་གཤེགས་དམ་པ་གྲུབ་དབང་པད་ནོར་རིན་པོ་ཆེའི་ཡང་སྲིད་བོད་ཀྱི་དག་པོ་ས་གནས་སུ་འཁྲུངས་ཡོད་འདུག

དེ་ཡང་རྒྱ་གར་ལྷོ་ཕྱོགས་མེ་སོར་ཡོད་པའི་སྔ་འགྱུར་རྙིང་མའི་དཔལ་ཡུལ་རྣམ་གྲོལ་གླིང་ཆོས་སྒར་གྱིས་ཟླ་བ་འདིའི་ཚེས་༥ཉིན་སྤྱི་བསྒྲགས་སྤེལ་བའི་ནང་། བྱ་བྲལ་སངས་རྒྱས་རྡོ་རྗེ་འཆང་གི་ལུང་བསྟན་ནང་། སྙིང་ཐིག་ཡ་བཞིའི་གཏེར་གནས་ལེ་ལེན་ཁྲ་མོ་བྲག་གི་ཉེ་འདབས་སུ། ཞིང་གཤེགས་དམ་པ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་ཡང་སྲིད་འཁྲུལ་བྲལ་ཞེས་གསུངས་པའི་ཐོག དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེས་ཉམས་སྣང་གཙོ་བོར་མཛད་ནས། བོད་དབུས་ཕྱོགས་དག་པོའི་ཡུལ་དུ་རྙེད་སོན་བྱུང་བ་ངོས་འཛིན་ཐག་གཅོད་གནང་འདུག

ཉེ་སྔོན་ལྷ་བབས་དུས་ཆེན་སྐབས་འབྲེལ་ཡོད་དཔལ་ཡུལ་ཆོས་བརྒྱུད་ཀྱི་བསྟན་བདག་ས་གནས་དངོས་སུ་ཕེབས་ནས་ན་བཟའ་གསོལ་བ་དང་མཇལ་དར་སྒྲོན་གནང་འདུག ཕྱི་ལོ་༢༠༡༤ལོའི་ཕྱི་ཟླ་༧པའི་ཚེས་༣༡ཉིན་དེ་ཆོས་འཁོར་དུས་ཆེན་ཉིན་བོད་ནང་གི་དཔལ་ཡུལ་མ་དགོན་དུ་ཁྲི་འདོན་མངལ་གསོལ་གནང་རྒྱུའི་ཐག་གཅོད་གནང་འདུག སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ན་ཡོད་པའི་རྣམ་གྲོལ་གླིང་གདན་ས་ཆེན་མོ་རུ་ཕྱི་ལོ་༢༠༠༩ལོའི་ཕྱི་ཟླ་གསུམ་པའི་ཚེས་༢༧ཉིན་དགོངས་པ་ཆོས་འབྱིངས་སུ་འཐིམ་ཡོད་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ་དང་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎