བོད་མི་ཆེད་ལས་བ་བོད་དོན་ལས་འགུལ་ལ་ཞུགས་མཁན་མང་བ།

ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སློབ་སྦྱོང་བྱས་བའི་བོད་མི་གཞོན་སྐྱེས་ཆེད་ལས་དང་བླངས་ཞབས་ཞུ་བ་ཚོ་བོད་རང་དབང་གི་འཐབ་རྩོད་ལས་དོན་ནང་ཞུཌ་མཁན་ཇེ་མང་ལ་འགྲོ་བཞིན་པ་རེད།

2012.10.01

རྒྱ་གར་དུས་བབ་གསར་ཤོག་གིས་གནས་ཚུལ་སྤེལ་དོན། དབུས་བོད་མིའི་སྒྲིག་འཛུཌ་ཀྱི་ལྟེ་གནས་བཞུཌ་སྒར་རྡ་རམ་ས་ལའི་ནང་དེང་སྐབས་ཨ་མེ་རི་ཀ་ནས་ཡིན་པའི་འཆར་འགོད་དང་། དཔྱ་ཁྲལ། དེ་བཞིན་ཁྲིམས་ཞིབ་ཐད་མཁས་པ་ཡིན་པའི་བོད་པའི་གཞོན་སྐྱེས་དང་། ཁ་ན་གྲ་དང་། དབྱིན་ཡུལ་སོཌ་ནས་སློབ་སྦྱོང་བྱས་བའི་བོད་རིགས་གཞོན་སྐྱེས་ཆེད་ལས་བ་མང་པོ་བཞུགས་སྒར་རྡ་རམ་ས་ལར་སོགས་སུ་ཡོང་ནས། བོད་མི་སྤྱི་དོན་དང་། བོད་དོན་ལས་འགུལ་མཉམ་ཞུགས་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་པའི་བོད་མིའི་ཁྱད་ལས་དང་བླངས་པའི་ཞབས་ཞུ་བ་ཡིན་པ་དང་། བླངས་ཞབས་ཞུ་དེ་ནི་སྲིད་སྐྱོང་གསར་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གསར་གཏོད་གནང་བ་ཞིག་ཡིན་ཞིང་། ད་ལྟ་དང་བླངས་ཞབས་ཞུ་བ་བོད་མི་དྲུག་ཡོད་པའི་ནང་ནས་གསུམ་ནི་བོད་པའི་བེུད་ཡིན་འདུག བོད་པའི་ཁྱད་ལས་པའི་དང་བླངས་ཞབས་ཞུའི་ལས་དོན་དེ་ནི་འདི་ལོའི་ཕྱི་ཟླ་བཞི་པའི་ནང་སྤེལ་འགོ་བཙུཌ་པ་དང་། དེའི་ནང་འཕྲོད་བསྟེན་དང་ཤེས་ཡོན་དཔལ་འབྱོར་དང་དངུལ་རྩིས་ སྤྱི་ཚོཌ་ཞབས་ཞུའི་ཆེད་ལས་པ་རྣམས་མགྲོན་འབོད་ཞུས་ནས་ཁོང་རྣམས་བཙན་བྱོལ་བོད་མིའི་སྤྱི་ཚོཌ་ནང་དུས་ཡུན་ཟླ་བ་དྲུག་ནས་ལོ་གཅིག་རིང་བཞུཌ་སྐབས་ལས་དོན་འདྲ་མིན་སྣ་ཚོཌ་ལ་ལེཌ་སྐྱེས་འབུལ་རྒྱུ་ཡིན་འདུག  བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུའི་འགོ་ཁྲིད་ཨ་ཀུ་ཚང་སྐལ་རྡོར་ལཌ་ཀྱིས་ལས་དོན་དེ་ནི་འཛམ་གླིང་གི་ཕྱོཌ་མཐའ་གང་ས་ནས་ཕེབས་པའི་བོད་པའི་ཁྱད་ལས་པ་རྣམས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོཌ་ལ་ཞབས་ཕྱི་ཞུ་ཕྱིར་དང་ཁོང་རྣམས་པའི་ཉམས་མྱོང་ཕྱུག་པོ་ཡོད་པ་ཁག་རང་གི་རྒྱལ་ཁབ་ཀྱི་རང་དབང་དང་རང་གི་ཕ་ཡུལ་ཆེད་འཐབ་རྩོད་གནང་བཞིན་པ་ཁག་ལ་ཕན་ཐོགས་ཆེན་པོ་ཡོད་ལུཌ་གསུངས་འདུག  དབུས་བོད་མིའི་སྒྲིག་འཛུཌ་ཀྱི་རྩིས་ཞིབ་ལས་ཁང་ནང་ཟླ་བ་གསུམ་རིང་ཕྱག་ལས་གནང་མཁན་ཨ་རིའི་མངའ་སྡེ་མ་ནི་སོ་ཀྲའི་གྲོང་ཁྱེར་ཆེ་ཤོས་Minneapolis ནས་ཕེབས་པ་ཤེས་རབས་མཚོ་མོ་ལཌ་ཀྱིས་བོད་མི་ལ་ཞབས་ཞུ་ཞུ་འདོད་ཆེན་པོ་ཡོད་། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚོཌ་པས་ཁོང་ལ་གོ་སྐབས་དེ་གནང་བྱུང་ལ་ཁོང་གིས་བོད་མིའི་གཞིས་ཁག་ནང་ལས་ཀ་བྱེད་དུས་ཁོང་ལ་གནས་ཚུལ་གསར་པ་མང་པོ་ཤེས་རྒྱུའི་གོ་སྐབས་བྱུང་ཞེས་བསྡཌ་བརྗོད་ཀྱི་ཚུལ་དུ་གསུངས་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎