ལི་ཐང་ནས་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་དང་འཇུ་བཟུང་བྱས་བ།


2015.08.19
 ཉེན་རྟོག་པས་ལི་ཐང་རྫོང་ཏུ་ངོ་རྒོལ་བྱེད་མཁན་འཇུ་བཟུང་བྱེད་བཞིན་པ། ༢༠༡༥།༨།༡༨ ཉེན་རྟོག་པས་ལི་ཐང་རྫོང་ཏུ་ངོ་རྒོལ་བྱེད་མཁན་འཇུ་བཟུང་བྱེད་བཞིན་པ། ༢༠༡༥།༨།༡༨
བོད་འབྱོར།

ཁམས་ལི་ཐང་རྫོང་ཐོག་གི་ཉེན་རྟོག་ལས་ཁུངས་མདུན་བོད་མི་གཞོན་སྐྱེས་ཞིག་གིས་སྐད་འབོད་བྱས་རྗེས་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་བ།

དེ་ཡང་སེར་སྨད་བློ་དགའ་ལགས་སུ་གནས་ཚུལ་འབྱོར་བ་འདི་གའི་གསར་འགོད་པ བསྟན་འཛིན་དབང་རྒྱལ་ལགས་སུ་ངོ་སྤྲོད་གནང་བ་ལྟར་ན། སྤྱི་ལོ་༢༠༡༥ཟླ་༨་ཚེས་༡༨རེས་གཟའ་མིག་དམར་ཉིན་གྱི་ཞོགས་པར། མདོ་ཁམས་དཀར་མཛེས་ཁུལ་ལི་ཐང་རྫོང་ཐོག་གི་ཁྲུང་ཁྲུང་དཀར་མོ་ཞེས་པའི་ས་ཆར་རྟེན་གཞི་བྱས་པའི་རྒྱ་ནག་གི་ཉེན་རྟོག་༡༡༠ཚན་པའི་ལས་ཁུངས་ཉེ་འགྲམ་དུ། བོད་མི་ན་གཞོན་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས། ཁོང་གིས་ངོ་རྒོལ་ཁྲོམ་སྐོར་སྐབས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཐང་ཆེན་པོ་ཞིག་གནམ་ལ་འཕྱར་བཞིན་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་འབོད་ཚིག་བསྒྲགས་པ་དང་། གློ་བུར་དུ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་ཉེན་རྟོག་པའི་རླངས་འཁོར་ནག་པོ་ཞིག་གི་ནང་བཙན་ཁྲིད་བྱས་ཡོད་འདུག
དེ་མ་ཐག་ས་གནས་སུ་དམ་དྲག་བྱས་པར་བརྟེན་ངོ་རྒོལ་བྱེད་མཁན་བོད་མི་ཁོང་གང་ནས་ཡིན་པ་དང་། མིང་། ལོ་སོགས་ཤེས་རྟོགས་དཀའ་བའི་གནས་སུ་ཡོད་པ་རེད་འདུག
དེའི་སྔོན་སྤྱི་ལོ་༢༠༡༥ ཟླ་༨ཚེས་༡༥ཉིན་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་ནས་བུ་མོ་འོད་དཀར་སྐྱིད་ལགས་ཀྱིས་བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་ནང་ལ་གདན་འདྲེན་ཞུ་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་སྐད་འབོད་གནང་ཡོད་པ་དང་། དེ་མ་ཉིད་དུ་ས་གནས་དེ་གའི་རྒྱ་ནག་གི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎