ལོ་བརྒྱ་འཁོར་བའི་ཤིང་སྟག་སིམ་ལའི་ཆིངས་ཡིག་ཐད་བགྲོ་གླེང་།
2014.03.28

བཞུཊ་སྒར་རྡ་རམ་ས་ལའི་ལྷག་པ་ཚེ་རིང་དྲན་རྟེན་ཚོཌ་ཁང་དུ་ལོ་བརྒྱ་འཁོར་བའི་ཤིང་སྟག་སིམ་ལའི་ཆིངས་ཡིག་ཐད་བགྲོ་གླེང་གནང་འདུག
བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་ཚེས༢༨ཉིན་བོད་དང་། རྒྱ་ནག དབྱིན་ཇི་བཅས་ཡུལ་གྲུ་གསུམ་བར་ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་ནས་ད་ལོ་ལོ་བརྒྱ་འཁོར་བའི་དུས་དྲན་དང་བསྟུན། བགྲོ་གླེང་ལྷན་ཚོཊ་ཤིག་བཞུཊ་སྒར་རྡ་རམ་ས་ལའི་ལྷག་པ་ཚེ་རིང་དྲན་རྟེན་ཚོཌ་ཁང་དུ་གོ་བསྒྲིགས་གནང་འདུག གོང་ཞུས་བགྲོ་གླེང་ལྷན་ཚོཌ་ཐོག་དང་ཐོག་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལཌ་ཀྱིས་སིམ་ལའི་ཆིངས་ཡིག་བཞག་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་དགོས་དོན་གཙོ་བོ་ནི་སིམ་ལར་རྒྱ་གར་དབྱིན་གཞུང་དང་རྒྱ་ནག་མི་སེར་རྒྱལ་ཁབ། དེ་བཞིན་བོད་བཅས་དབང་ཚད་འདྲ་མཉམ་ཐོག་ནས་ཆིངས་ཡིག་དེར་ས་རྟགས་བཀོད་ནས་ལོ་བརྒྱ་འཁོར་སྐོར་སོཌ་དུས་དྲན་དང་འབྲེལ་ཡོད་སྐོར་གསུང་བཤད་གནང་འདུག ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སིམ་ལའི་ཆིངས་ཡིག་བཞག་ནས་མི་ལོ་ཧྲིལ་པོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་མཛད་སྒོ་སིམ་ལར་ཚུཊ་དགོས་པ་དང་། དེ་རྗེས་ཕྱི་ཟླ་དྲུག་པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྲུང་བརྩི་ཞུ་དགོས་པའི་ལམ་སྟོན་གནང་འདུག་ལ་དེང་སྐབས་ཤིང་སྟག་སིམ་ལའི་ཆིངས་ཡིག་དེར་རྒྱལ་སྤྱིའི་ནང་བོད་ཀྱི་ངོ་བོ་གསལ་པོ་རྩོད་མེད་ཡོངས་གྲཊ་ཡིན་པ་དང་། དེ་རིང་འདིར་བགྲོ་གླེང་འཚོཊ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སིམ་ལ་དང་ལྡི་ལིར་ལྷན་ཚོཌ་འཚོཊ་རྒྱུའི་སྟ་གོན་ཆེད་ཡིན་ལུཌ་གསུངས་འདུག དེ་རྗེས་ཕྱི་འབྲེལ་དྲུང་ཆེ་བཀྲིས་ཕུན་ཚོཌ་ལཊ་ཀྱིས་ཕྱི་ལོ་༡༩༡༤་ལོར་རྒྱལ་སྤྱིའི་ནང་བོད་ཀྱི་གནས་བབ་ཅེས་པ་དང་། ཉམས་ཞིབ་པ་དོན་གྲུབ་རྒྱལ་པོ་ལཊ་ཀྱིས་ཆིངས་ཡིག་དེར་བོད་མིས་ལྟ་སྟངས་སྐོར་གསུང་བཤད་གནང་འདུག དེ་ནས་ལྡི་ལི་གཙུག་ལག་སློབ་གྲ་ཆེན་མོའི་སློབ་དཔོན་Abhanti Bhattarcharya ཡིས་ཤིང་སྟག་སིམ་ལའི་ཆིངས་ཡིག་ལ་རྒྱ་གར་གྱི་ལྟ་ཕྱོཌ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག་ ཤིང་སྟག་སིམ་ལའི་ཆིངས་ཡིག་ནི་ཕྱི་ལོ་༡༩༡༤་ལོའི་ཕྱི་ཟླ་༥་ཚེས་༣་ཉིན་དབྱིན་གཞུང་གི་སྐུ་ཚབ་སར་ཧན་རེག་མེད་མོ་ཧན་དང་། བོད་ཀྱི་སྐུ་ཚབ་བློན་ཆེན་བཤད་སྒྲ རྒྱ་ནག་གི་སྐུ་ཚབ་ཨེ་ཕེན་བཅས་སིམ་ལར་ལྷན་འཛོམས་གནང་སྟེ་ཕྱི་ཚེས་༡༠་ཉིན་བཞག་པའི་ཆིངས་ཡིག་དེ་ཡིན་པ་རེད།
གསར་འགོད་པ་བསོད་ནམ་ལྷ་མོ།