ཝེ་ཏ་ནམ་རྒྱལ་ཡོངས་སུ་རྒྱ་ནག་ལ་ངོ་རྒོལ་བྱས་འདུག


2014.05.15
ཝེ་ཏ་ནམ་རྒྱལ་ཡོངས་སུ་རྒྱ་ནག་ལ་ངོ་རྒོལ་བྱེད་བཞིན་པ། ༢༠༡༤།༥།༡༤ ཝེ་ཏ་ནམ་རྒྱལ་ཡོངས་སུ་རྒྱ་ནག་ལ་ངོ་རྒོལ་བྱེད་བཞིན་པ། ༢༠༡༤།༥།༡༤
AFP

ཝེ་ཏ་ནམ་རྒྱལ་ཡོངས་སུ་རྒྱ་ནག་ལ་ངོ་རྒོལ་བྱས་ནས་མི་གཅིག་རྐྱེན་ལམ་དུ་ཕྱིན་པ་དང་གཞན་མི་གྲངས་༡༠༠ལྷག་ལ་རྨས་སྐྱོན་ཕོག་འདུག
དེ་ཡང་གནས་ཚུལ་ལྟར་ན། དམར་པོའི་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་གྱི་རྒྱ་ནག་དང་། ཝེ་ཏ་ནམ་བར་ཡུན་རིང་པོའི་གོང་ནས་འབྲེལ་ལམ་དེ་ཙམ་བཟང་པོ་མེད་པའི་ཁར་། ཉེ་ཆར་རྒྱ་ནག་གིས་ཡུལ་གྲུ་གཉིས་དབར་བདག་དབང་ཐོག་རྩོད་གླེང་ཡོད་པའི་གླིང་ཕྲན་མཚོ་ཁུལ་དུ་རྡོ་སྣུམ་སྔོག་འདོན་གྱི་ལྕགས་དོང་གསར་བཙུགས་བྱས་པར་བརྟེན་ནས་ཝེ་ཏི་ནམ་རྒྱལ་ཡོངས་སུ་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་ནང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ལས་འགུལ་ཁྲོད་ས་གནས་དེ་ཚོའི་ནང་ཡོད་པའི་རྒྱ་མི་རིགས་ཀྱི་ཚོང་དོན་ཁང་། བཟོ་གྲྭ། ཚོང་ཁང་སོགས་མང་པོ་མེར་བསྲེགས་བཏང་ནས་གནས་སྟངས་ཛ་དྲག་ཅན་ལ་གྱུར་བར་བརྟེན་རྒྱ་རིགས་ལས་བཟོ་བ་མི་སེར་བརྒྱ་ཕྲག་མང་པོ་ཝེ་ཏི་ནམ་གྱི་ཁྱིམ་མཚེས་ཡུལ་གྲུ་ཁག་གི་ནང་བྲོས་བྱོལ་དུ་འགྲོ་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད།
གཟའ་ལྷག་པའི་ཉིན་ཝེ་ཏི་ནམ་གྱི་Ha Tinhགྲོང་ཁྱེར་ནང་ཐེ་ཝན་གྱི་ཚོང་བདག་ཞིག་གིས་བཙུགས་པའི་འགྱིག་གི་བཟོ་གྲ་ཞིག་ནང་ཟིང་འཁྲུག་བྱུང་ནས་བཟོ་གྲ་དེའི་ནང་ཡོད་པའི་རྒྱ་རིགས་ཚོར་ཉེས་རྡུང་བཏང་ནས་མི་གྲངས་༡༤༩ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་དང་གཅིག་རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎