རྒྱ་གར་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་།

རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གསར་དུ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་འདུག

2013.01.15

བོད་མིའི་ས་གནས་ཁྲིམས་ཞིབ་ཁང་།
བོད་མིའི་ས་གནས་ཁྲིམས་ཞིབ་ཁང་།

དེ་ཡང་ས་གནས་ནས་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཚེས་ ༡༤ ཉིན་རྒྱ་གར་བྱང་ཤར་ཕྱོགས་ཀྱི་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས་ཀྱི་དབུས། རྒྱ་གར་ཤར་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ས་གནས་མན་འབར་དང་། རྡོར་གླིང། ཨོ་རི་ས། ཀ་སྦུག སྒང་ཏོག རང་དབང་ལ། སོན་ན་ཌ། འབུམ་སྡེ་ལ། བསྟན་འཛིན་སྒང། ཏེ་ཛུ། མེའོ། ཤི་ལོང་སོགས་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་རྣམ་པས་གཙོས་ས་གནས་ཁྲིམས་ཞིབ་པ་དང་། ཁྲིམས་དྲུང་རྣམ་པ་བཅས་ཕེབས་ཡོད་པ་དང༌། སྐབས་དེར་སྐུ་མགྲོན་གཙོ་བོ་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས་ཀྱིས་གསུང་དོན། སྤྱིར་བཏང་འཛམ་གླིང་འདིའི་ནང་རྒྱལ་ཁབ་ཁག་མང་དག་ཅིག་ཡོད་པ་མ་ཟད། དེ་ཚོའི་ནང་གཞུང་འཛིན་ལམ་ལུགས་མི་འདྲ་བ་མང་པོ་ཡོད་པ་དཔེར་ན། རྒྱལ་པོའི་གཞུང་དང་དྲག་པོའི་གཞུང། དེ་བཞིན་དམར་པོའི་གཞུང་དང་མང་གཙོའི་གཞུང་བཅས་ཡོད། འོན་ཀྱང་གཞུང་འཛིན་ལམ་ལུགས་དེ་དག་ནང་ནས་མང་གཙོའི་གཞུང་དེ་ཡག་ཤོས་བརྩི་བཞིན་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་རྒྱལ་ཁབ་དང་། རྒྱལ་ཁབ་ཀྱི་ཁྲིམས་དང་ལམ་ལུགས་བཟོ་རྒྱུའི་དབང་ཆ་མི་མང་ལ་ཡོད། དེར་བརྟེན་མི་མང་པོ་ཞིག་གིས་རྒྱལ་པོའི་གཞུང་མི་དགོས་ཞེས་ངོ་རྒོལ་བྱེད་བཞིན་ཡོད། དེ་བཞིན་འཛམ་གླིང་ནང་སྐྱབས་བཅོལ་བ་རབ་དང་རིམ་པ་ཡོད་པའི་ནང་ནས་ང་ཚོ་བོད་པ་ཚོ་༸གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་དང་། ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཆགས་ཡོད། དེར་བརྟེན་ང་ཚོ་བོད་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རས་བསྩལ་གནང་བའི་ཡང་དག་པའི་མང་གཙོ་འདི་ལག་ལེན་ཚུལ་བཞིན་བསྟར་ཐུབ་པ་བྱེད་དགོས་བ་སོགས་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎