ཁྲིམས་ཞིབ་པས་དམ་འབུལ་ཞུས་འདུག
2013.10.03

གསར་དུ་འདེམས་ཐོན་བྱུང་བའི་དབུས་བོད་མིའི་སྒྲིག་འཛུཌ་ཀྱི་ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་ལགས་ཀྱིས་ལས་འཁུར་དམ་འབུལ་ཞུས་འདུག
ཉེ་ཆར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་མང་མོས་འདེམས་ཐོན་བྱུང་བའི་ཁྲིམས་ཞིབ་པ་ཆོས་ཁྲི་བསྟན་པ་ངག་དབང་ཆོས་གྲགས་ལགས་ཀྱིས། ཚེས་༣་ཉིན་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་ལགས་ཀྱི་སྐུ་མདུན་ནས་ལས་འཁུར་དམ་འབུལ་ཞུས་ཡོད་འདུག དམ་འབུལ་མཛད་སྒོའི་སྐབས་ཁྲིམས་ཞིབ་པ་ཕྱག་འབྲེལ་ཚེ་རིང་དོན་གྲུབ་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་་སོགས་ཕེབས་ཡོད་པ་རེད། ཉེ་ཆར་འདེམས་ཐོན་བྱུང་བའི་ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་ལགས་ནི་ཕྱི་ལོ་ ༡༩༧༥ ལོར་གཞུང་ཞབས་སུ་འཛུལ་ཞུགས་གནང་བ་ནས་བཟུང་ཐེག་པ་རིམ་འཛེགས་ཀྱིས་འདས་པའི་ལོ་ངོ་བཞི་བཅུ་མ་ཟིན་ཙམ་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མང་པོའི་ནང་ཞབས་འདེགས་ཞུས་གནང་བ་དང་། ཕྱི་ལོ་ ༢༠༠༤ ལོ་ནས་བཟུང་ཁྲིམས་ཞིབ་ཁང་གི་དྲུང་ཆེ་དང་དེ་ནས་བདེ་སྲུང༌དང་་ཆོས་རིག་དྲུང་ཆེ་སོགས་དྲུང་ཆེའི་མཚན་གནས་ཀྱི་ཐོག་ཐུགས་འགན་བཞེས་ཏེ་་སྲི་ཞུའི་ལས་བྱེད་རྙིང་ཤོས་གྲས་ཤིག་ཀྱང་ཡིན་པ་རེད།