སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཀྱི་ཉིན་གཉིས་བ།


2013.10.29
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་༢༧པ་དེ་བཞུགས་སྒར་རྡ་རམ་ས་ལར་ཚོགས་བཞིན་པ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༢༧ པ་དེ་བཞུགས་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་འདུག
པར། སྐུ་སྒེར་དྲ་བ།

སེམས་དང་སྲོག་གི་བགྲོ་གླེང་ཉིན་གཉིས་བར་ཀླད་པའི་དགོས་པ་དང་འདོད་པ་སྐྱེས་པར་བྱེད་ཕྱོགས་ཐད་ཚན་རིག་པས་དཔྱད་པ་བྱ་ཚུལ་དང་ནང་པའི་ལྟ་གྲུབ་སྐོར་བགྲོ་གླེང་གནང་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་གི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ཉེར་བདུན་པའི་བརྗོད་གཞི་གཙོ་བོ་ནི་འདོད་པ་དང་སྲེད་པ། ངན་པ་ལངས་ཤོར་བཅས་ཡིན་པར། ཚེས་ ༢༩ ཉིན་གཉིས་པའི་ཚོགས་ཐུན་དང་པོའི་ཐོག་ཀླད་པའི་དགོས་པ་དང་། འདོད་པ་སྐྱེས་པར་བྱེད་ཕྱོགས་ཐད་ཚན་རིག་པས་དཔྱད་པ་བྱ་ཚུལ་དང་། ནང་པའི་ལྟ་གྲུབ་སྐོར་བགྲོ་གླེང་གནང་ཡོད་པ་དང་། ཨ་མི་རི་ཀའི་མི་ཆི་གྷན་མཐོ་རིམ་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པའི་སྡེ་ཚན་གྱི་སེམས་ཁམས་རིག་པ་དང་ཀླད་པའི་རྩ་ཁམས་རིག་པའི་སློབ་དཔོན་ KENT BERRIDGE ལགས་ཀྱིས་ཁོང་གིས་དཔྱད་པའི་གྲུབ་དོན་གྱི་ཐོག་ནས་འདོད་པ་དང་། སྲེད་པ་ཤུགས་ཆེ་སྐྱེས་པའི་གནས་སྐབས་སུ་ཀླད་པའི་འགྱུར་བ་དང་། ལྷག་པར་དུ་འདོད་པ་དང་སྲེད་པའི་རྐྱེན་ལས་བྱུང་བའི་ངན་གོམས་ཀྱི་ནད་གཞི་བཅོས་ཐབས། ཡང་ངན་གོམས་ཀྱི་ནད་གཞི་བཅོས་ཀྱང་འདོད་པ་དང་སྲེད་པའི་ནུས་ཤུགས་མུ་འཐུད་གནས་སྟངས་དང་། འདོད་པ་དང་སྲེད་པ་ཤུགས་ཆེ་སྐྱེས་པའི་གནས་སྐབས་སུ་སེམས་ཀྱི་འཇིགས་སྣང་ཡང་ཞོར་དུ་བྱུང་སྟངས་སོགས་ཀྱི་སྐོར་ཀླད་པའི་ནང་གི་འགྱུར་ལྡོག་གི་དཔར་རིས་དང་མཉམ་འགྲེལ་བཤད་ཞུས་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདོད་པ་དང་སྲེད་པའི་རྐྱེན་ལས་བྱུང་བའི་ངན་གོམས་ཀྱི་ནད་གཞི་བཅོས་ཟིན་ན་ཡང་ངན་གོམས་དབང་གིས་ཤེས་པས་འདོད་པ་མ་སྐྱེས་ཡང་ལུས་པོའི་དགོས་མཁོའི་ཐོག་ནས་རྫས་གང་རུང་ལ་བརྟེན་པའི་སྲེད་པ་སྐྱེས་པ་ཡོང་གི་ཡོད་པའི་དགོངས་ཚུལ་གསུངས་ཡོད་པ་རེད།

དེ་ནས་མུ་མཐུད་གཙོ་བོ་འདོད་པ་དང་སྲེད་པ། དེ་དག་འགོག་ཐབས་ཀྱི་ཉམས་ལེན་སོགས་གཙོ་བོ་ནང་པའི་གཞུང་གི་འགྲོ་སྟངས་ནས་འགྲེལ་བཤད་ཞུས་ཤིང་།  བགྲོ་གླེང་པ་གཙོ་བོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་ཚན་རིག་པ་ནང་པའི་དགེ་སློང་ཕྷརན་སིའི་དགེ་སློང་ Mathew Ricard ལགས་སོགས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎