བོད་སོག་གཉིས་ཀྱི་ལོ་རྒྱུས་འབྲེལ་བ་ཇེ་དམ།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་སོག་གཉིས་བར་ལ་ཐུན་མོང་མ་ཡིན་པའི་འབྲེལ་བའི་ལོ་རྒྱུས་ཡོད་པ་ཇེ་དམ་དུ་འགྲོ་གི་ཡོད་པ་གསུངས་འདུག

2012.11.20

བོད་སོག་

དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་སོག་པོའི་མི་དམངས་གཙོ་བོར་གྱུར་བའི་དད་ལྡན་མི་མང་སྟོང་ཕྲག་འགའ་ཤས་གསུང་ཆོས་དབུ་ཚུགས་གནང་བའི་སྐབས། བོད་སོག་གཉིས་དབར་ལ་ཐོུང་མ་ཡིན་པའི་འབྲེལ་བའི་ལོ་རྒྱུས་ཡོད་པ་དང༌། ད་དུང་ཡང་བོད་སོག་གཉིས་ཀྱི་འབྲེལ་ལམ་མུ་མཐུད་གནས་ཡོད་པ་མ་ཟད། འབྲེལ་བ་དམ་དུ་འགྲོ་གི་ཡོད་པའི་སྐོར་བཀའ་ཕེབས་ཡོད་པ་རེད། དེ་ནི་སོག་པོ་དད་ལྡན་པ་མི་དམངས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་བཅིུག་པའི་ཚེས་༢༠ ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་བ་སྐུ་ཕྲེང་གསུམ་པས་མཛད་པའི་ལམ་རིམ་གསར་ཤུན་མ་དང༌། ཕྱག་ན་རྡོ་རྗེ་བཀའ་དབང་སྕལ་རྒྱུའི་ཆོས་འབྲེལ་དབུ་ཚུཌ་གནང་སྟེ། ཉིན་གཉིས་རིང་ཆོས་འབྲེལ་བསྐྱང་གནང་རྒྱུ་ཡིན་ཞིང༌། དེ་རིང་ཉིན་དང་པོའི་ཆོས་འབྲེལ་དབུ་འཚུཌ་་མ་གནང་གོང་དེར།  སོག་པོ་དད་ལྡན་བ་མི་གྲངས་༧༠༠ གཙོས་ཨ་རི་དང༌། Vietnam, དབྱིན་ཡུལ། ཀོ་རི་ཡ་སོགས་ནས་ཁྱོན་དད་ལྡན་ཆོས་ཞུ་བ་བཞི་སྟོང་ལྷག་བཅར་བར་ཚོར། ༧གོང་ས་མཆོག་གིས། དེ་སྔ་༡༩༧༩ ལོར་ཐེངས་དང་པོ་སོག་ཡུལ་དུ་ཞབས་སོར་འཁོད་པ་དང༌། སྐབས་དེར་སོག་ཡུལ་དམར་ཤོག་གི་དབང་བསྒྱུར་འོག་གནས་ཏེ་ཆོས་དད་རང་དབང་མི་འདུག་ཀྱང༌། སྐབས་དེ་དུས་མི་དམངས་ཀྱི་སེམས་ནང་ནང་ཆོས་ལ་ཧ་ཅང་གི་དད་པ་ཆེན་པོ་གནས་ཡོད་པ་དང༌། ༧གོང་ས་མཆོག་ལའང་དད་གུས་ཆེན་པོ་ཞུ་གི་འདུག དེ་རྗེས་སོག་པོར་རང་དབང་བྱུང་བའི་རྗེས་ཐེངས་འགའ་ཤས་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱང་གནང་སྟེ། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་བོད་སོག་གཉིས་དབར་གྱི་འབྲེལ་བ་བསྐྱར་གསོ་བྱུང་བ་མ་ཟད། འབྲེལ་བ་དམ་དུ་ཕྱིན་ཡོད་པ་རེད་ཅེས་བཀའ་ཕེབས་ཡོད་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སོག་པོའི་སྐད་ཡིག་ཐོག་ལ་དྲ་རྒྱ་ཞིག་གི་དབུ་འབྱེད་གནང་ཡོད་པ་དང༌། དྲ་རྒྱ་དེའི་ནང་ལ་ན་ནིང་ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་སྐབས་གསུང་ཆོས་སྕལ་བ་ཁག་གཟིགས་རྒྱུ་ཡོད་པ་དང༌། དྲ་རྒྱ་དེ་བལྟ་ཀློག་བྱེད་མཁན་ཚོར་༧གོང་ས་མཆོག་གིས་ནང་ཆོས་དང༌། ཁོར་ཡུག ཚན་རིག འགྲོ་བ་མིའི་ཡོན་ཏན། ཞི་བདེ་དང་འཚེ་མེད་ཞི་བའི་སྐོར་སོགས་བཀའ་སློབ་སྕལ་བ་གཟིགས་རྒྱུར་ཕན་ཐོགས་སྐྲུན་གནང་མཛད་ཡོད་པ་རེད། ༧གོང་ས་མཆོག་ནས་ཀྱང་སོག་པོའི་སྐད་ཡིག་ཐོག་དྲ་རྒྱ་ཞིག་མཐུན་འགྱུར་སྐྲུན་ཐུབ་པ་དེ་ཡིས། སོག་པོ་མི་དམངས་ཚོར་ཕན་ཐོགས་ཡོང་བའི་ཐུགས་རེ་གནང་གི་ཡོད་པའི་བཀའ་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎