༧གོང་ས་མཆོག་ཆིབས་བསྒྱུར་ཐད་རྒྱ་མི་མང་པོས་རྒྱབ་སྐྱོར།
2012.11.06
དེ་ཡང་གོང་ས་མཆོག་གིས་ཉི་ཧོང་དུ་གསུངས་དོན། རྒྱ་ནག་ནང་མཚོ་གླིང་གི་བདག་དབང་ཐད་ཉི་ཧོང་ལ་འཁོན་འཛིན་བྱེད་པའི་རྐྱེན་གྱིས་དང་ཐོག་ང་ཉི་ཧོང་དུ་ཆིབས་བསྒྱུར་གནང་རྒྱུའི་ཐད་ཐུགས་འཚབ་ཚོར་བྱུང་། ཡིན་ནའང་སྐུ་ཉིད་ཉི་ཧོང་དུ་ལོ་ལྟར་ཆིབས་བསྒྱུར་གནང་སྟེ་། ཉི་ཧོང་གི་ནང་པ་ཚོར་ཐུགས་ཕན་ཆེན་པོ་བྱུང་ཡོད་པས་མ་ཟད་། ངོས་རང་གི་ཡོན་ཏན་དང་། ཉམས་མྱོང་ཁག་ ཉི་ཧོང་གི་མི་མང་མཉམ་དུ་མཉམ་བསྲེས་གནང་རྒྱུ་དེ་ཡང་ ངོས་རང་གི་ལས་འགན་ཡིན་ཞེས་དང་། གོང་ས་མཆོག་གིས་ད་ལོ་ཨ་མི་རི་ཀའི་ནང་གི་ HUNTER མཐོ་སློབ་ཁང་ལ་བཀའ་སློབ་སྩལ་སྐབས་ཐེ་བས་ཨ་མི་རི་ཀའི་ནང་མཛད་འཕྲིན་བསྐྱངས་གནང་མཛད་སྐབས་རྒྱ་ནག་གི་སློབ་ཕྲུག་དང་། སློབ་དཔོན་མང་པོ་མཇལ་འཕྲད་གནང་སྐབས་ གོང་ས་མཆོག་གིས་ཉི་ཧོང་དུ་ཆིབས་བསྒྱུར་གནང་རྒྱུའི་ཐད་བསམ་ཚུལ་ག་རེ་ཡོད་ཅེས་ བཀའ་འདྲི་གནང་བར་བཀའ་སློབ་ཉན་མཁན་ཚང་མ་མ་ཟད་། རྒྱ་ནག་གི་སློབ་ཕྲུག་ཚོས་ཀྱང་
རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་གསར་འགོད་ལྷན་ཚོགས་ཐོག་གསལ་བཤད་གནང་འདུག
ཉི་ཧོང་དུ་ཆིབས་བསྒྱུར་གནང་རྒྱུའི་གཞི་རྩའི་སྐུ་དོན་ནི་འཛམ་གླིང་འདི་བཞིན་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཏུ་བསྐྲུན་ཐབས་གནང་རྒྱུ་དེ་ཡིན་ཞེས་དང་ ངོས་རང་ཡང་འཛམ་གླིང་འདིའི་ནང་གི་མི་འབོར་དུང་ཕྱུར་བདུན་གྱི་ནང་ནས་གཅིག་ཡིན་ཙང་ འཛམ་གླིང་གི་སྐྱེ་འགྲོ་སྤྱིའི་བདེ་སྐྱིད་བསྐྲུན་ཐབས་གནང་རྒྱུ་དེ་ཡིན་ལ་ དེའི་སླད་དུ་ མི་མང་སྤྱི་དང་ དམིགས་སུ་ཀར་ནས་གཞོན་ནུ་རྣམས་ལ་མ་ནོར་ལམ་སྟོན་སྩལ་ཏེ་བདེ་སྐྱིད་འདོད་ན་སོ་སོའི་སེམས་རྒྱུད་ལ་བྱམས་བརྩེ་དང་། སེམས་བཟང་པོ་བྱ་རྒྱུ་དེ་ཕྱི་དངོས་པོ་ལས་ཕན་ཡོན་ཧ་ཅང་ཆེ་བ་ཡོད་པ་ ལམ་སྟོན་སྩལ་རྒྱུ་དེ་ཡིན་ཞེས་བཀའ་གནང་ཡོད་པ་རེད།