གནམ་གྲུ་རྒྱ་མཚོའི་ནང་ལྷུང་བ་ད་དུང་རྙེད་མི་འདུག
2014.03.25

ད་བར་འབྲེལ་ཐག་ཆད་པའི་མཱ་ལེ་ཤི་ཡའི་འགྲུལ་སྐྱེལ་གནམ་གྲུ་ཧིན་རྡུའི་རྒྱ་མཚོའི་མཐའ་འཁོབ་ཞིག་ལ་ལྷུང་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། ད་བར་འབྲེལ་ཐག་ཆད་པའི་མཱ་ལེ་ཤི་ཡའི་འགྲུལ་སྐྱེལ་གནམ་གྲུ་ HM370རྟགས་ཅན་རྒྱ་གར་རྒྱ་མཚོའི་མཐའ་འཁོབ་ཞིག་ལ་ལྷུང་ཡོད་པ་མཱ་ལེ་ཤི་ཡའི་སྲིད་བློན་Najib Razak མཆོག་གིས་ཡོངས་བསྒྲགས་བྱས་ཡོད་པ་རེད། ཁོང་གིས་དབྱིན་ཇིའི་བཟོ་ཚོང་ལས་ཁང་Inmarsatཞེས་པའི་མི་བཟོས་སྲུང་སྐར་བརྒྱུད་ཤེས་རྟོག་བྱུང་བར་གཞིགས་ན་ཉེ་སྔོན་བདུན་གཉིས་ཙམ་གོང་གར་སོང་ཆ་མེད་དུ་གྱུར་བའི་མཱལེ་ཤི་ཡའི་གནམ་གྲུ་དེ་ཨོས་སི་ཀྲོ་ལི་ཡའི་གྲོང་ཁྱེར་Perth ཉེ་འཁྲིས་རྒྱ་གར་གྱི་རྒྱ་མཚོའི་ནང་ལྷུང་ཡོད་སྐོར་གསུང་ཡོད་པ་རེད། དེ་བཞིན་མཱ་ལེ་ཤི་ཡའི་འགྲུལ་སྐྱེལ་གནམ་གྲུ་ལས་ཁང་གིས་བོར་བརླག་ལ་སོང་བའི་གནས་གྲུའི་ནང་གི་འགྲུལ་བའི་ནང་མི་ཚོར་འཕྲིན་ཐུང་བསྐུར་ནས་གནམ་གྲུའི་ནང་གི་མི་རྣམས་འཚོ་བཞུགས་ཡོད་པའི་རེ་བ་མེད་སྐོར་འཁོད་ཡོད་པ་རེད། དེའི་ཐད་འགྲུལ་བའི་ནང་མི་ཚོས་མཱ་ལེ་ཤི་ཡ་སྲིད་གཞུང་གིས་དུས་ཐོག་འཚོལ་ཞིབ་ཀྱི་ལས་དོན་ནུས་པ་ལྡན་པ་སྤེལ་མེད་པའི་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་མཱ་ལེ་ཤི་ཡའི་གཞུང་ལ་གནས་ཚུལ་ཇི་ཆགས་དང་། དེའི་དཔང་རྟགས་ར་སྤྲོད་འཕྲལ་དུ་གནང་དགོས་ལུགས་ཀྱི་དགོས་འདུན་བཏོན་ཡོད་པ་རེད།
ད་ལྟའི་ཆར་ད་དུང་གནམ་གྲུ་དངོས་སུ་རྙེད་སོན་བྱུང་མེད་ཀྱང་། Australiaའི་ལྷོ་ཕྱོགས་གྲོང་ཁྱེར་ Perthགྱི་ནུབ་ཕྱོགས་རྒྱ་གར་གྱི་རྒྱ་མཚོའི་ནང་དུ་བརྡབ་ལྷུང་བྱུང་ཡོད་པ་གནས་ཚུལ་གསལ་པོ་བྱུང་ཡོད་ཙང་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ནང་དུ་འཚོལ་ཞིབ་ཀྱི་ལས་དོན་མུ་མཐུད་སྤེལ་མུས་ཡིན་པ་རེད།
གསར་འགོད་པ་ལྷུན་གྲུབ།