"ཆབ་སྲིད་ཀྱི་སྐུ་དབང་མི་མང་ལ་གནང་བ་རེད"བཀའ་ཁྲིས།

༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་གཅིག་ལ་གསོལ་སྩལ་གནང་བ་མ་ཡིན་པར། མི་མང་སྤྱི་ལ་གནང་བ་ཞིག་ཡིན་དུས་ཚང་མར་འགན་འཁྲི་ཡོད་སྐོར་བཀའ་བློན་ཁྲི་བས་གསུངས་འདུག

2012.07.30

བཀའ་ཁྲི་མཆོག་གིས་བདུན་ཕྲག་གཅིག་གི་གོང་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་ནས་དམིགས་བསལ་གཞུང་འབྲེལ་ཐོག་ནས་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་ཕོ་བྲང་དཀར་པོའི་ནང་གི་འབྲེལ་ཡོད་ལས་བྱེད། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་གནད་ཡོད་མི་སྣ་མང་པོ་ཞིག་མཇལ་ཐུབ་པ་བྱུང་ཡོད་བ་དང་། དེ་ནི་ཆབ་སྲིད་ཐོག་ནས་ཨ་མི་རི་ཀས་བོད་དོན་ལ་རྒྱབ་སྐྱོར་དང་། དོ་སྣང་སྔར་མུས་ཡོད་པ་གསལ་པོ་ཡིན་སྐོར་གསུངས་འདུག   དེ་བཞིན་བཀའ་ཁྲི་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གསོལ་སྩལ་གནང་བའི་རྗེས་ནས་ད་བར་སྤྱི་ཚོགས་ལྷིང་འཇགས་ངང་གནས་ཡོད་པ་དང༌། དེ་ལྟར་བྱུང་བའི་རྒྱུ་མཚན་གཙོ་བོ་དེ་མི་མང་ནང་རྡོག་རྩ་ཆིག་སྒྲིལ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཚགས་ཚུད་ཡོང་པར་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་གསུངས་པ་དང༌། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྔར་ལས་རྒྱས་པ་ཡོད་པ་དང༌། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་གཅིག་ལ་གསོལ་སྩལ་གནང་བ་ཞིག་མ་ཡིན་པར། མི་མང་ལ་གནང་བ་ཞིག་ཡིན་དུས་ཚང་མར་འགན་འཁྲི་ཡོད་སྐོར་གསུངས་བ་དང་།

མཐའ་བསྡོམས་བཀའ་ཁྲི་མཆོག་གིས་དམངས་གཙོ་དང་འཚེ་མེད་ཞི་བ་ནི་ད་ལྟའི་བཀའ་ཤག་གི་ལངས་ཕྱོགས་ཡིན་པ་དང༌། དབུ་མའི་ལམ་དེ་བཞིན་གྲོས་ཚོགས་ཀྱི་གཏན་འབེབས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཆགས་ཡོད་སྟབས། བཀའ་ཤག་སྐབས་༡༤པའི་ངོས་ནས་དབུ་མའི་ལམ་གཞི་བཟུང་བོད་རྒྱ་འབྲེལ་ལམ་གནང་སྟེ་བོད་རྒྱའི་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་གནང་གི་ཡོད་ཅེས་གསུང་བཞག   གོང་ཞུས་བཀའ་ཁྲི་མཆོག་གི་གསུང་བཤད་གནང་ཡུལ་དུ་བོད་མི་མང་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་དང་ལྷོ་སྤྱི་མཉམ་འབྲེལ་གྱི་འགན་འཛིན་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ས་གནས་འཐུས་མི་བཅས་ཕེབས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎