རང་ལུས་མེར་བསྲེཊ་མཁན་འཇིཊ་མེད་བསྟན་འཛིན་གྲོངས་འདུག
2014.03.25

སྤྱི་ཟླ་༣པའི་ཕྱི་ཚེས་༡༦ཉིན་རྨ་ལྷོ་རེབ་གོང་རྩེ་ཁོག་སོ་ནག་ཏུ་རང་ལུས་མེར་བསྲེཊ་གནང་མཁན་འཇིཊ་མེད་བསྟན་འཛིན་ལགས་ཉིན་དེར་སྐུ་གྲོངས་འདུག
དེ་ཡང་འབྲེལ་ཡོད་བརྒྱུད་གནས་ཚུལ་འབྱོར་བ་ལྟར་ན། ཉེ་བའི་ཕྱི་ཟླ་༣པའི་ཕྱི་ཚེས་༡༦དང་ མདོ་སྨད་ཡུལ་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་ཆེན་བཅོ་ལྔའི་ཉིན་གྱི་སྔ་དྲོར་དགེ་འདུན་པ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་རྨ་ལྷོ་རྩེ་ཁོག་སོ་ནག་དགོན་པའི་གླིང་སྐོར་ཏུ་རང་ལུས་མེར་བསྲེགས་གནང་རྗེས་ས་གནས་ཀྱི་དགེ་འདུན་པ་དང་། བོད་མི་ཚོས་མེ་བསད་ནས་སོ་ནག་དགོན་པའི་ནང་འཁྱེར་ཡོད་ཀྱང་། ཅང་མ་འགོར་བར་ཁོང་སྐུ་གྲོངས་ཡོད་པར་དགེ་འདུན་པ་རྣམས་ཀྱིས་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག གནས་ཚུལ་བྱུང་མ་ཐག་ས་གནས་རྒྱ་ནག་གི་ཉེན་རྟོག་པས་ཤེས་རྟོགས་བྱུང་ནས་དགོན་པར་དམ་བསྒྲགས་བྱས་ཡོད་པ་དང་། ཉིན་དེ་ནས་བཟུང་རྩེ་ཁོག་ཕྱོགས་ཀྱི་ཁ་པར་དང་བརྡ་འཕྲིན་དྲ་ལམ་སོགས་བཀག་ནས་ གནས་ཚུལ་ཕྱི་ལ་མི་ཁྱབ་པ་བཟོས་ཡོད་པ་དང་། ས་གནས་ཡུལ་མི་ཞིག་གིས་གུངས་དོན། རྒྱ་ནག་གི་དམག་མིས་དམ་དྲག་འོག་དགེ་འདུན་པ་རྣམས་དགོན་པའི་ཕྱི་ལོག་ཏུ་འགྲོ་མི་ཐུབ་ཅིང། དགོན་པའི་ནང་དུ་ཐ་ན་མཆོད་མཇལ་ལ་ཡང་གཏོང་གི་མེད་པ་ངོ་སྤྲོད་བྱས་ཡོད།
གནས་ཚུལ་ལྟར་ན་། སྐབས་དེར་རྒྱ་ནག་གི་དམ་དྲག་འོག་བོད་མི་ཁག་གཅིག་འཇུ་བཟུང་བྱས་བའི་གནས་ཚུལ་ཡང་བརྗོད་མཁན་ཡོད་ཀྱང་ཞིབ་ཕྲ་ཁ་གསལ་མེད་པ་རེད་འདུག
འཇིགས་མེད་བསྟན་འཛིན་ལགས་ནི་རྩེ་ ཁོག་ཕྱོགས་ཀྱི་སོ་ནག་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་དགེ་འདུན་པ་ཡིན་པ་དང་། ད་ལོ་དགུང་ལོ་༢༩ཙམ་ཡིན་པར་དེ་སྔ་རེབ་གོང་རོང་བོ་དགོན་ཆེན་ཐོས་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་ལོ་ བཅུའི་རིང་ལ་ཕྱག་དཔེ་ཚུལ་བཞིན་གཟིགས་ནས་འཛིན་གྲྭ་སྐབས་དང་པོའི་བར་དུ་སླེབས་ ཡོད་ཅིང་། ཕྱིས་སུ་སོ་ནག་དགོན་པར་ཕེབས་པ་ཡིན་འདུག
མདོ་སྨད་རྨ་ལྷོ་རྩེ་ཁོག་ཕྱོགས་ཀྱི་སོ་ནག་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ནི། སྤྱི་ལོ ༡༦༦༠ ལོར་གཡུ་རྔོག་བསམ་གཏན་རྒྱ་མཚོས་སོ་ནག་འབྲོག་ཏུ་ཟླ་བརྒྱད་པའི་ནང་མ་ཎིའི་ཆོས་ཐོག་བཙུགས་པ་དང་། སྤྱི་ལོ ༡༧༤༠ ལོར་མཁན་ཆེན་དགེ་འདུན་རྒྱ་མཚོས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་རབ་བྱུང་གི་དགེ་ཚུལ་དང་། བསྙེན་རྫོགས་ཀྱི་སྡོམ་པ་གནང་སྟེ་སོ་ནག་གུར་སྒར་ཕྱག་འདེབས་མཛད་པ་ནས་དགོན་པ་འདི་བྱུང་བ་ཡིན་འདུག
གསར་འགོད་པ་ཀླུ་འབུམ།