ཞུ་གཏུགས་ལ་རྒྱལ་ཚོགས་ཀྱིས་བདག་སྤྲོད་བྱས་འདུག


2014.01.23
ལྷ་སར་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་རྒྱག་སའི་ཁུལ། ལྷ་སར་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་རྒྱག་འཆར་
པར། FT

ལྷ་སར་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་རྒྱག་འཆར་ཐད་ཀྱི་བོད་དོན་ལས་འགུལ་བའི་ཞུ་གཏུགས་ལ་རྒྱལ་ཚོགས་ཀྱིས་བདག་སྤྲོད་བྱས་འདུག
དེ་ཡང་རྒྱལ་སྤྱིའི་ནང་གྲགས་ཆེ་བའི་Intercontinental Hotel ཞེས་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་གི་ཡན་ལག་ཞིག བོད་ཀྱི་རྒྱལ་ས་ལྷ་སར་གསར་རྒྱག་བྱེད་འཆར་ཡོད་པ་དེར་བོད་དོན་ལས་འགུལ་བ་ཁག་ཅིག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་གནང་ཡོད་པ་དང་། དེའི་ཐད་འཛམ་གླིང་ནང་གི་ཁེ་གཉེར་ལས་ཁང་གི་ཀུན་ཁྱབ་འགན་འཁུར་གྱི་ལྟ་བ་དང་མི་འགལ་བའི་ཐོག་ནས་ཚོང་ལས་གཉེར་ཕྱོགས་ཐད་ལས་དོན་སྤེལ་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་མཐུན་གྲོས་ཞེས་པའི་ལས་ཁུངས་གིས་མགྲོན་ཁང་རྒྱག་མཁན་ཚོགས་པར་ལས་འཆར་ཁྲོད་ས་གནས་ཀྱི་ཁོར་ཡུག་ལ་གནོད་འཚེ་མི་ཡོང་བ་དང་། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་མི་ཡོང་བ། དེ་བཞིན་ལྐོག་ཟ་རུལ་སུང་གི་ལམ་ལ་མི་འགྲོ་བའི་ཐོག་ནས་འཆར་གཞི་བཀོད་དགོས་པའི་ཐོག སྤྱི་ཟླ་གསུམ་པ་ནང་ཚུད་ཞུ་གཏུགས་གནང་མཁན་བོད་དོན་ལས་འགུལ་བ་དང། བོད་རང་བཙན་སློབ་ཕྲུག་ཚོགས་པར་ཡིག་ཐོག་ནས་ལན་འདེབས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་ངོ་བཤུས་འབུལ་དགོས་གསུངས་འདུག ད་དུང་ལྷ་སར་ངོས་སུ་མགྲོན་ཁང་གསར་རྒྱག་མ་བྱས་གོང་ས་གནས་ལ་གོ་བསྡུར་གནང་དགོས་པ་དང་། ལྐོག་ཟའི་དོན་རྐྱེན་མི་ཡོང་བའི་ཆེད་ཕྱི་གསལ་ནང་གསལ་དགོས་ལུགས་ཡང་གསུང་ཡོད་འདུག
འདི་ག་རླུང་འཕྲིན་ཁང་གིས་བོད་རང་དབང་ལས་འགུལ་ཚོགས་པའི་གསར་འགོད་འབྲེལ་མཐུན་པ་སྐུ་ཞབས་ཨི་ལི་སིང་དེའི་ཐད་འདྲི་སྐབས། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་དོན་དེ་བདག་སྤྲོད་བྱས་བར་ཁོང་ཚོས་ལན་གསལ་བོ་མ་རྒྱབ་ན་ཁཽ་རང་ཚོ་རྒྱལ་ཚོགས་མདུན་ངོ་ཚ་པོ་ཆགས་རྒྱུ་རེད་ཅེས་བརྗོད། ཁང་མིག་༡༠༠༠ཙམ་ཡོད་པའིInterContinentalལྷ་སའི་ལྷ་ཡུལ་ཞེས་བའི་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་དེ་སྤྱི་ལོ་༢༠༡༤ལོར་སྒོ་འབྱེད་བྱེད་འཆར་ཡོད་པ་རེད། ཡིན་ན་ཡང་བོད་ནང་གི་མགྲོན་ཁང་དེའི་བདག་པོ་Deng Hong ཟེར་བ་ཁོང་ལ་ཁྲིམས་འགལ་གྱི་ནག་ཉེས་ཕོག་ནས་ཞིབ་འཇུག་བྱེད་མུས་ཡིན་པ་རེད་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་མཐུན་གྲོས་ཞེས་པའི་ལས་ཁུངས་དེའི་ཚོགས་མི་རྣམས་རྒྱལ་ཚོགས་ཀྱི་དྲུང་ཆེས་བསྐོ་བཞག་གནང་བའི་མི་སྣ་ཡིན་པ་དང་། ཚོགས་ཆུང་དེའི་ཚོགས་གཙོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་Ban Ki-moon མཆོག་ཡིན་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ་དང་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎