རྒྱ་གར་གྱི་སྔོན་རྩིས་ནང་བདེ་སྲུང་སྔོན་རྩིས་སྤར་ཆ་གནང་འདུག


2015.03.02
རྒྱ་གར་དམངས་གཙོའི་དུས་ཆེན་ཉིན། ༢༠༡༥།༡།༢༦ རྒྱ་གར་དམངས་གཙོའི་དུས་ཆེན་ཉིན། ༢༠༡༥།༡།༢༦
AFP

རྒྱ་གར་གཞུང་གིས་དམག་དོན་ཡར་རྒྱས་བཏང་ནས་རྒྱ་ནག་གི་དམག་དོན་གནས་སྟངས་དང་མཚུངས་པ་ཞིག་གནང་ཐབས་གནང་རྒྱུ་ཡིན་འདུག
དེ་ཡང་རྒྱ་གར་གཞུང་གིས་འདི་ལོའི་དངུལ་རྩིས་ནང་བདེ་སྲུང་གི་ཐོག་སྔོན་རྩིས་འཆར་གཞི་ལ་བརྒྱ་ཆ་༧དང་གྲངས་ཆུང་༩སྤར་ཆ་གནང་རྒྱུ་ཡིན་པ་དང་། རིམ་པས་རྒྱ་གར་གཞུང་གིས་དམག་དོན་གནམ་དམག་གནམ་གྲུ་དང་། གྲུ་གཟིངས། དེ་བཞིན་མེ་སྒྱོགས་སོགས་ཡར་རྒྱས་བཏང་ནས་རྒྱ་ནག་གི་དམག་དོན་གནས་སྟངས་དང་མཚུངས་པ་ཞིག་གནང་ཐབས་གནང་རྒྱུ་ཡིན་འདུག ཟླ༢ཚེས༢༨ཉིན་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་Arun Jaitleyམཆོག་གིས་༢༠༡༥།༡༦ལོའི་སྔོན་རྩིས་འཆར་འབུལ་གསལ་བསྒྲགས་གནང་ཡོད་པ་དང་། འདི་ལོའི་སྔོན་རྩིས་དེ་ནི་ཚོང་ལས་ཡར་རྒྱས་གཏོང་ཐབས་དང་། ཉམས་ཐག་མི་མང་ལ་རོགས་སྐྱོར་བྱ་རྒྱུའི་སྔོན་རྩིས་ཆ་སྙོམས་ཅན་ཞིག་ཡིན་ལུགས་གསུངས་འདུག དཔལ་འབྱོར་བློན་ཆེན་མཆོག་གིས་ རྒྱ་གར་གྱི་གཞུང་ལམ་དང་། ཟམ་པ། མཚོ་ཁའི་གྲུ་ཁ་སོགས་ཉམས་གསོ་གནང་རྒྱུའི་ཆེད་ཨ་སྒོར་ཐེར་འབུམ་༡༡ལྷག་སྤར་ཆ་གནང་རྒྱུ་དང་། ཉམས་ཐག་མི་མང་ས་ཡ་མང་པོར་རྒན་ཡོལ་དང་། ཉེན་སྲུང་སྤྱི་ཚོགས་བདེ་འཇགས་གི་ལས་གཞི་སོགས་ཀྱི་ལས་གཞི་གསར་པ་ཁག་ཅིག་དང་། རྒྱུ་ཆེན་ཁག་གཅིག་གིས་དཔྱ་ཁྲལ་གཡོལ་ཐབས་ཆེད་དངུལ་ཕྱི་རྒྱལ་གྱི་དངུལ་ཁང་ནང་བཞག་བཞིན་པ་ཚོར་ཉེས་པ་ལྗིད་པོ་གཏོང་རྒྱུ་ཡིན་ལུགས་གསུངས་འདུག
འདི་ལོའི་སྔོན་རྩིས་ནང་རྒྱ་གར་གཞུང་གིས་གནས་སྐབས་ལེགས་བཅོས་ཀྱི་ལས་གཞི་རྣམས་མཚམས་འཇོགས་གནང་སྟེ། དཔལ་འབྱོར་ཡར་རྒྱས་གཏོང་ཐབས་དང་། ཉམས་ཐག་མི་མང་ལ་རོགས་སྐྱོར་གནང་རྒྱུའི་སྔོན་རྩིས་དེར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཕལ་ཆེ་བས་བསྔགས་བརྗོད་ཞུས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎