ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་རྒྱ་གར་ལ་ཕེབས་འཆར་ཡོད་པ།


2015.01.22
རྒྱ་གར་གྱི་སྲིད་བློན་དང་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་Obamaརྣམ་གཉིས་ཨ་རིར་མཇལ་འཕྲད་སྐབས། ༢༠༡༤ རྒྱ་གར་གྱི་སྲིད་བློན་དང་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་Obamaརྣམ་གཉིས་ཨ་རིར་མཇལ་འཕྲད་སྐབས། ༢༠༡༤
AFP

ཨ་མི་རི་ཀ་དང་རྒྱ་གར་གྱི་འབྲེལ་བའི་ནང་ལ་ད་རེས་ཀྱི་དུས་ཚོད་དེ་འགག་རྩའི་རང་བཞིན་ཅན་ཞིག་ཡིན་འདུག
དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་Obamaབདུན་འདིའི་གཟའ་མཇུག་ཏུ་རྒྱ་གར་ཏུ་འཚམས་འདྲིར་ཆེད་ཕེབས་གནང་གི་ཡོད་པ་དང་། དེ་ནི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རིང་ལ་རྒྱ་གར་ཏུ་འཚམས་འདྲིར་ཕེབས་པ་ཐེངས་གཉིས་པ་ཡིན་པ་རེད། སྲིད་འཛིན་Obamaམཆོག་དང་ལྕམ་Michelleརྣམ་གཉིས་རྒྱལ་ས་ལྡི་ལིའི་ཉེ་འཁོར་དུ་ཡོད་པའི་ལོ་རྒྱུས་ལྡན་པའི་Taj Mahalལའང་གཟིགས་སྐོར་དུ་ཕེབས་རྒྱུ་ཡིན་པ་དང། རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་Richard Verma ཡིས། ཨ་རི་དང་རྒྱ་གར་གྱི་འབྲེལ་བའི་ནང་ལ་ད་རེས་དུས་ཚོད་དེ་འགག་རྩའི་རང་བཞིན་ཅན་ཞིག་ཡིན་པ་བརྗོད་མི་དགོས་པ་རེད་ཅེས་གསུངས་ཡོད་པ་རེད། ད་དུང་ཨ་རིའི་རྒྱལ་ཡོངས་སྲུང་སྐྱོབ་སློབ་སྟོན་པ་སྐུ་གཞོན་སྐུ་ཞབས་Ben Rhodesཡིས་འདི་ག་རྒྱལ་ས་ཝ་ཤིན་ཀྲོན་དུ་གསར་འགོད་པར། སྲིད་འཛིན་Obamaམཆོག་ཕྱི་ཟླ་དང་པོའི་ཚེས་༢༦ ཉིན་རྒྱ་གར་གྱི་དམངས་གཙོའི་དུས་ཆེན་གྱི་གཙོ་བོའི་སྐུ་མགྲོན་དུ་ཕེབས་ཀྱི་ཡོད་པ་དང་། རྒྱ་གར་སྲིད་བློན་སྐུ་ཞབས་Modi མཆོག་ནས་སྐུ་ཞབས་Obamaམཆོག་རྒྱ་གར་གྱི་དམངས་གཙོའི་དུས་ཆེན་གྱི་གཙོ་བོའི་སྐུ་མགྲོན་དུ་གདན་ཞུ་ཕུལ་པ་ལྟར། ཨ་རིའི་སྲིད་འཛིན་ཐེངས་དང་པོ་རྒྱ་གར་དམངས་གཙོའི་དུས་ཆེན་གྱི་མཛད་སྒོའི་ཐོག་ཕེབས་ཀྱི་ཡོད་པ་དེ་ཡིས་འཛམ་གླིང་ཁྱོན་ཡོངས་ལ་གལ་འགངས་ཆེ་བའི་གོ་བརྡ་ཞིག་གཏོང་གི་ཡོད་པ་རེད་ཅེས་དང་། ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་དེའི་ནང་ལ་ཐོུང་མ་ཡིན་པའི་ཁྱད་ཆོས་དང་ཕན་ནུས་ལྡན་ཡོད་ལ། ཨ་རིའི་དམིགས་ཡུལ་ནི་ད་རེས་ཀྱི་འབྲེལ་ལམ་དེ་བརྒྱུད་ནས། སྲིད་འཛིན་Obama མཆོག་གིས་སྲིད་དབང་འཛིན་པའི་སྐབས་དང་སྲིད་བློན་Modiམཆོག་གིས་སྲིད་དབང་འཛིན་པའི་དུས་སྐབས་དེའི་ནང་ཁྱད་པར་ཆེན་པོ་བཟོ་རྒྱུའི་རེ་བ་ཡོད། ཨ་རི་དང་རྒྱ་གར་ཕན་ཚུན་གསང་བའི་ལས་དོན་བརྗེ་ལེན་བྱ་རྒྱུའི་ལས་རིམ་ཡོད་པའི་ཁར་ལོ་ངོ་བཅུ་ཕྲག་གཅིག་ཕྱིན་པའི་སྲུང་སྐྱོབ་ཀྱི་ལས་དོན་མཉམ་ལས་གནང་རྒྱུའི་གྲོས་མཐུན་ཡང་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད་པའི་ཁར། ད་དུང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་Afhanistanགྱི་གནད་དོན་རྣམས་གྲོས་མོལ་བྱ་རྒྱུའི་འཆར་གཞི་དང་། ལྷག་པར་དུ་སྲིད་བློན་Modiམཆོག་གིས་རྒྱ་གར་ནི་ཚོང་ལས་ལས་སླ་པོའི་ཐོག་ནས་གཉེར་ཡུལ་གྱི་རྒྱལ་ཁབ་ཅིག་སྐྲུན་རྒྱུའི་ཁས་ལེན་གནང་བ་ལྟར་དཔལ་འབྱོར་འཕེལ་རྒྱས་ཐོག་དོ་སྣང་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། སྲིད་འཛིན་Obama མཆོག་དང་སྲིད་བློན་Modi རྣམ་གཉིས་ཀྱིས་རེས་གཟའ་ཟླ་བའི་ཉིན་ཨ་རི་དང་རྒྱ་གར་གྱི་ཆོང་ལས་ལྷན་ཁང་གིས་གོ་སྒྲིག་གནང་བའི་བཟོ་ཚོང་ལས་ཁང་གི་འགོ་ཁྲིད་ཚོའི་ལྷན་འཛོམས་ཐོག་ལ་ཟུང་འབྲེལ་གྱིས་གཏམ་བཤད་ཀྱང་གནང་རྒྱུའི་འཆར་གཞི་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎