གཏོར་བཤིག་མི་དགོས་པའི་འབོད་སྐུལ།


2013.10.04
ནང་སྲིད་བཀའ་བློན་དང་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་རྣམ་གཉིས་མཇལ་འཕྲད་སྐབས། ནང་སྲིད་བཀའ་བློན་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་ལ་
Photo: RFA

ནང་སྲིད་བཀའ་བློན་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་མཆོག་ལ་རྡ་སའི་བོད་མིའི་སྡོད་ཁང་གཏོར་བཤིག་མི་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ཡང་ཟླ་༡༠ ཚེས་ ༡ ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Shri Virbhadra Singh མཆོག་དང་མཇལ་འཕྲད་གནང་ནས། རྡ་ས་མེག་གྷན་ཁུལ་བོད་ཀྱི་ཟློས་གར་ཚོགས་པ་དང་། བྷག་སུ་ལམ་ཟུར་དུ་ཡོད་པའི་བོད་མིའི་སྡོད་ཁང་ཁག་ ༢༡༠ ཙམ་ཡོད་པ་དེ་དག་བོད་མིའི་བདེ་སྡུག་གནས་སྟངས་ལ་གཞིགས་གཏོར་བཤིག་མི་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག སྐབས་དེར་ད་དུང་གལ་སྲིད་སྡོད་ཁང་གཏོར་བཤིག་བཏང་བ་ཡིན་ན། བོད་མི་དེ་དག་གི་འཚོ་བའི་མདུན་ལམ་ལ་ཧ་ཅང་དཀའ་ངལ་འཕྲད་རྒྱུ་ཡིན་པ་སོགས་བདེ་སྡུག་གནས་སྟངས་ཡར་ཞུ་དང་། གང་ཐུབ་རོགས་རམ་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུས་ཡོད་འདུག

སྤྱི་ཁྱབ་བློན་ཆེན་མཆོག་ནས་ཀྱང་རྫོང་དཔོན་མཆོག་ Deputy Commissioner དང་འབྲེལ་བ་གནང་སྟེ་ས་གནས་བོད་མིའི་གནས་སྟངས་སྐོར་ལས་བསྡོམས་ལ་གཟིགས་ཞིབ་གནང་སྟེ་བོད་མིའི་སྡོད་ཁང་དང་ལམ་ཟུར་ཁྲོམ་ས་སོགས་ཀྱི་དཀའ་ངལ་དེ་དག་སེལ་ཆེད་ཐབས་ཤས་གང་ཡོད་གནང་རྒྱུ་ཡིན་པའི་ཁས་ལེན་ཡང་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎