མགོན་པོ་ཚེ་རིང་ངས་འདུག
2012.11.10
ཀུན་བཟང་བསྟན་འཛིན།
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་ཁུངས་དག་གནས་ཚུལ་འབྱོར་དོན། དེ་རིང་ཚེས་༡༠ཉིན་རྒྱབ་བོད་ནང་གི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ་ཨ་མདོ་ཀན་ལྷོ་ཀླུ་ཤོད་ཕྱོགས་གྱི་བོད་མི་གཞོན་སྐྱེས་མགོན་པོ་ཚེ་རིང་གིས་ཀླུ་ཤོད་དགོན་བཤད་སྒྲུབ་བསྟན་དར་གླིང་ནས་བོད་མི་རིགས་ལ་རང་དབང་དགོས། ༧གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས། སྐད་ཡིག་རང་དབང་དགོས་ཞེས་སྐད་འབོད་བྱེད་ཞོར་སྐུ་ལུས་མེ་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག། དེ་མ་ཐག་ས་གནས་བོད་མི་དང་དགེ་འདུན་པ་ཚོས་ཁོ་སྨན་ཁང་ལ་འཁྱེར་ཐབས་བྱས་འདུག་ཀྱང་ལམ་བར་ནས་སྐུ་སྲོག་ལ་ཉེན་ཁ་ཆེན་པོ་བྱུང་བར་བརྟེན་ལམ་སེང་ཁོང་གི་ནང་ལ་འཁྱེར་འདུག་ཀྱང་ཉིན་དེའི་ཆུ་ཚོད་ལྔ་བ་མ་ཟིན་ཙམ་ལ་སྐུ་གྲོངས་འདུག གཞོན་སྐྱེས་མགོན་པོ་ཚེ་རིང་ཁོང་ལོ་ན་༡༩ཡིན་པར་ཀན་ལྷོ་ཀླུ་ཤོད་ཤང་སྐད་སྡེ་བའི་ཕ་བཀྲ་ཤིས་བསོད་ནམས་ཀྱི་བུ་དང་། མ་སྙིང་ལོ་ཁོ་ལོ་ན་ཆུང་དུས་ནས་གྲོངས་ཟིན་པས་ད་ལྟའི་མ་ཚབ་ལོ་ན་༤༠ཅན་གྱི་མགོན་པོ་ས྄ྱིད་ཡིན་འདུག་པར་ཀན་ལྷོ་གཙོད་བོད་རིགས་སློབ་འབྲིང་གི་དམའ་འབྲིང་གཉིས་བ་བར་འགྲིམས་ཡོད་འདུག
གནས་ཚུལ་བྱུང་བ་དང་རྒྱ་ནག་གི་ཉེན་རྟོག་པ་མང་པོ་ས་གནས་ལ་འབྱོར་ནས་དགེ་འདུན་པ་དང་བོད་མི་ཚོར་འདྲི་རྩད་བྱེད་བཞིན་པ་རེད་འདུག ཀན་ལྷོ་ཕྱོགས་སུ་ཉེ་སྔོན་ནས་མེ་བསྲེགས་ལས་འགུལ་རིམ་པར་བྱུང་རྗེས་དྲ་འཕྲིན་ཡོངས་སུ་བཀག་ཡོད་པར་བརྟེན་ཞིབ་ཕྲ་རྩད་ཆོད་དཀའ་བའི་གནས་སུ་ཡོད་པ་དང་། ས་གནས་སུ་དམ་དྲག་ཆེན་པོ་ཡིན་པ་རེད་ལ་དགྲ་གཞུང་གི་ཚོགས་༡༨བའི་བདུན་འདིའི་ནང་བོད་མི་༧ནས་སྐུ་ལུས་སྤྱི་བའི་ཆེད་ཕུལ་ཡོད་པ་རེད།