དགེ་བཤེས་ལགས་མནར་གཅོད་འོག་ནས་བཀྲོངས་འདུག


2013.12.19
དགེ་བཤེས་ངག་དབང་འཇམ་དབྱངས་ལགས། དགེ་བཤེས་ངག་དབང་འཇམ་དབྱངས་ལགས་
པར། བོད་འབྱོར།

རྒྱ་ནག་གིས་མནར་གཅོད་འོག་འབྲི་རུ་ཕྱོགས་ཀྱི་ལྟར་མོས་དགོན་གྱི་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་བཀྲོངས་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་དོན། དགེ་བཤེས་ངག་དབང་འཇམ་དབྱངས་ལགས་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་པའི་ཉེས་མིང་འོག་ཁོང་འཛིན་བཟུང་བྱས་ནས་ལོ་གཉིས་བཙོན་འཇུག་རྗེས་བཙོན་གྲོལ་ཐོབ། རྗེས་སུ་ཆོས་གླིང་དགོན་དུ་མཚན་ཉིད་རིག་གནས་ཀྱི་དགེ་རྒན་གནང་བ་དང་། དགོན་དང་གྲོང་སྡེ་མང་པོ་ལ་ནང་ཆོས་ངོ་སྤྲོད་དང་། བོད་ཀྱི་རིག་གཞུང་སྐོར་བཀའ་ཁྲིད་གནང་བ་སོགས་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་དང་། མདོ་ཁམས་ནགས་ཤོད་འབྲི་རུའི་ཡུལ་ལུང་ལ་སྨན་པའི་ལས་དོན་རྒྱ་ཆེ་གནང་བའི་བྱས་རྗེས་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་འདུག  འདི་ལོའི་ཕྱི་ཟླ་༡༡ ཚེས་ ༢༣ ཉིན་རྒྱ་ནག་གི་དྲག་པོའི་བཙན་གནོན་འོག་ལྟར་མོས་དགོན་པ་སྒོ་བརྒྱབ་པ་དང་། ལྷ་ས་ནས་ངག་དབང་འཇམ་དབྱངས་ལགས་དང་། ལྟར་མོས་དགོན་གྱི་དགེ་འདུན་པ་སྐལ་བཟང་ཕྱོགས་གླང་གཉིས་འཛིན་བཟུང་བྱས། ལྟར་མོས་དགོན་དུ་རྒྱ་དམག་མང་པོ་འབྱོར་ནས་དགོན་པ་སྔོག་བཤེར་བྱས་པ་དང་།  ལྷག་པར་དུ་ངག་དབང་འཇམ་དབྱངས་ལགས་ཀྱི་གཟིམ་ཁང་ལ་སྔོག་བཤེར་བྱས་ནས་གློག་ཀླད་གཉིས་བཙན་འཕྲོག་བྱས་ཡོད་འདུག མ་ཟད་ད་བར་རྒྱ་ནག་གིས་མནར་གཅོད་དྲག་པོ་བཏང་བར་བརྟེན་སྟབས་མ་ལེགས་པར་ཟླ་བ་འདིའི་ཚེས་༡༧ ཉིན་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་རྐྱེན་ལམ་དུ་བཏང་བ་དང་། ཁོང་གི་ཕུང་པོ་ནང་མི་ལ་ཕྱིར་སྤྲད་བྱས་ཡོད་འདུག
དགེ་བཤེས་ངག་དབང་འཇམ་དབྱངས་ལགས་དམ་པ་དེ་ནི་ཕྱི་ལོ་༡༩༦༨ ལོར་ནགས་ཤོད་འབྲི་རུ་རྫོང་ཏོ་ཐོ་གྲོང་དུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོར་ཁོང་རྒྱ་གར་དུ་ཕེབས་ནས་སེར་བྱེས་གྲྭ་ཚང་དུ་བཞུགས་ནས་མི་ལོ་བཅུ་དགུའི་རིང་ནང་ཆོས་གཙོ་བོར་བྱས་པའི་ཐོག་༧གོང་ས་མཆོག་གི་དགོངས་གཞི་དང་བཀའ་འབྲེལ་བཞིན་ཚན་རིག་ཟབ་སྦྱོང་ལ་ལོ་མང་སྦྱངས་བརྩོན་གནང་། ཕྱི་ལོ་ ༢༠༠༧ ལོར་རང་ཡུལ་དུ་ཕྱིར་ཕེབས་གནང་བ་ཡིན་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎