གེ་སར་རྟ་རྒྱུག


2013.08.16
གེ་སར་རྟ་རྒྱུག་འགྲན་བསྡུར།
བོད་ནས་བཏང་འབྱོར།

༄༅།    །བོད་ནས་ང་ཚོ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཕྱི་ཚེས་༡༣ནས་ཉིན་གསུམ་རིང་རྨ་ཆུ་རྫོང་དུ་ཚོགས་པའི་གེ་སར་རྟ་རྒྱུག་འགྲན་བསྡུར་ནང་བྱ་དགའ་མང་ཆེ་བ་བོད་རིགས་ཚོར་ཐོབ་ཡོད་པ་རེད།   དེ་ཡང་ཀན་སུའི་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུའི་སྐབས་བདུན་པའི་གེ་སར་རྟ་རྒྱུག་འགྲན་ཚོགས་ཁྲོད་རྨིས་(meter)ཁྲི་གཅིག་ཅན་གྱི་ཨང་དང་པོ་ཐོབ་མཁན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གསེར་ཐང་ལྷ་སྡེའི་འཇམ་དབྱངས་ཡིན་ཞིང་རྒྱ་སྒོར་ཁྲི་ཉི་ཤུའི་བྱ་དགའ་ཐོབ་འདུག རྨིས་(meter)ཁྲི་གཅིག་ཅན་གྱི་ཨང་གཉིས་པ་ཐོབ་མཁན་བྲག་དཀར་རྫོང་གི་ཨ་ཚོགས་ལྕགས་བྱམས་རྒྱལ་དང་། རྒྱ་སྒོར་ཁྲི་བརྒྱད་ཐོབ་པ་རེད།
ཡང་རྨ་ཆུའི་ཁྲི་རྒྱུགས་གི་འོར་རྒྱུག་གི་རྨིས་ meter ལྔ་སྟོང་ནང་ཨང་དང་པོ་ཐོབ་མཁན་མཚོ་སྔོན་ཐེམ་ཆེན་རྫོང་ནས་ཡིན་པའི་རྒྱ་ཁོ་ལགས་དང་།    ཨང་གཉིས་པ། མཚོ་སྔོན་ཐེམ་ཆེན་རྫོང་ནས་ཡིན་པའི་རྒྱ་མོ་ལགས་སུ་ཐོབ་ཡོད་པ་རེད།
དེ་བཞིན་ཨང་གསུམ་པ།མཚོ་སྔོན་སོག་རྫོང་ནས་ཡིན་པའི་ཡིད་དམ་ལགས་སུ་ཐོབ་འདུག
རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ནང་བརྗོད་ན། འདི་ནི་རྒྱ་ནག་ནུབ་བྱང་ས་ཁུལ་དུ་གཞི་རྒྱ་ཆེ་ཤོས་དང་། བྱ་དགའི་དངུལ་འབོར་མང་ཤོས་ཀྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ཞིག་ཡིན་ཞེས་བརྗོད་ཡོད་པ་རེད།
གཞན་ཡང་།མཚོ་སྔོན་པོའི་དྲ་བའི་ནང་གནས་ཚུལ་བཀོད་པ་ལྟར་ན། སྤྱི་ ཟླ་༨ཚེས༡༣ཉིན། གེ་སར་རྟ་རྒྱུག་འགྲན་ཚོགས་སྐབས་བདུན་པ་དེ་ཀན་ལྷོའི་རྨ་ཆུ་རུ་མགོ་བརྩམས་ཤིང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཞིན་ཅང་། ཀྲེ་ཅང་བཅས་ཞིང་ཆེན་ལྔ་ནས་ཡོང་བའི་འགྲན་ཞུགས་རུ་ཁག་སོ་གཉིས་ཚན་ཆུང་དུ་མར་བགོས་ནས་རྨིས་སྟོང་ལྔ་དང་། རྨིས་སྟོང་གཉིས། རྨིས་ཁྲི་གཅིག་བཅས་ཀྱི་འགྲན་བསྡུར་དུ་ཞུགས་ཡོད་པ་རེད།
ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་སྟེང་རྡུང་ལེན་འཁྲབ་སྟོན་དང་།    སྐོར་བྲོ་ཁྲབ་ སྟོན། རྟ་ཐོག་སྤོ་ལོའི་འགྲན་སྡུར་སོགས་རྨ་ཆུའི་ཁྱད་ཆོས་དོད་པོ་ལྡན་པའི་རིག་རྩལ་ འཁྲབ་སྟོན་དང་ལུས་རྩལ་འགྲན་སྡུར་སྤེལ་བས་མ་ཟད། ནོར་གནག་དང་། བོད་ལུག འབྲོག་ཁྱི་སོགས་ཀྱི་དཔྱད་སྡུར་འགྲེམས་སྟོན་བསྡུས་ཡོད་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎