རྗེ་བཙུན་པདྨ་མཆོག་ལ་རླབས་ཆེན་བུད་མེད་ཀྱི་གཟེངས་རྟགས།
2014.03.26

སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་རྒྱ་གར་ནང་རླབས་ཆེན་བུད་མེད་ཀྱི་གཟེངས་རྟགས་ཕུལ་འདུག
དེ་ཡང་གནས་ཚུལ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས༢༣ཉིན་རྒྱ་གར་ནང་BETIཞེས་པའི་ཐེབས་རྩ་ཁང་གིས་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་དང་མཉམ་GR8! WOMEN AWARDS 2014་ཞེས་པའི་རླབས་ཆེན་བུད་མེད་ཀྱི་གཟེངས་རྟགས་ཞེས་པ་ཕུལ་ཡོད་པ་དང་། བེུད་ཀྱི་གཟེངས་རྟགས་དེ་བཞིན་རྒྱ་གར་ནང་གི་BETI ཞེས་པའི་ཐེབས་རྩ་ཁང་ནས་འདས་པའི་ལོ་ངོ་བཅུ་གཉིས་གོང་ནས་བཟུང་ལོ་ལྟར་རྒྱ་གར་ནང་གི་ཕུལ་བྱུང་སྤྱི་ཚོགས་ཞབས་ཞུ་བ་དང་། སྒྱུ་རྩལ་བ། ཤེས་ཡོན་ཅན་སོགས་ཀྱི་ཁོངས་ནས་གཟེངས་སུ་ཐོན་པའི་རླབས་ཆེན་བྱས་རྗེས་ཅན་གྱི་བུད་མེད་ཚོར་ཆེ་བསྟོད་ངོས་འཛིན་ཞུ་ཆེད་GR8! WOMEN AWARDSཞེས་པའི་གཟེངས་རྟགས་འབུལ་སྲོལ་ཡོད་པ་བཞིན་འདི་ལོའི་གཟེངས་རྟགས་འབུལ་ཐེངས་༡༣དེ་བཞིན་རྒྱ་གར་Andhra Pradeshམངའ་སྡེའི་རྒྱལ་ས་Hydrabadནང་གི་Park Hyatt མགྲོན་ཁང་ནང་གོ་བསྒྲིགས་ཞུས་ཏེ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གི་གཙོས་རྒྱ་གར་ནང་གི་བུད་མེད་བྱས་རྗེས་ཅན་བཅུ་གཅིག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་ཡོད་པ་རེད། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ཐེངས་འདིའི་ GR8! Golden Scroll of Honour་ཞེས་པའི་གཟེངས་རྟགས་འདི་བཞིན་བོད་དོན་འཐབ་རྩོད་གནང་མཁན་ཡོངས་ཀྱི་ཚབ་གནང་སྟེ་བཞེས་ཡོད་སྐོར་གསུངས་འདུག བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཕྲུག་གི་ཤེས་ཡོན་དང་། སྤྱི་ཚོགས་བདེ་དོན་ཆེད་སྐུ་ངལ་འཛེམས་མེད་བསྐྱོན་བཞིན་ཡོད་པར་བརྟེན་ ཐེངས་འདིའི་བེུད་ཀྱི་གཟེངས་རྟགས་ཙམ་མ་ཟད་། ཕྱི་ལོ་ ༢༠༠༨ལོར་རྒྱ་གར་གྱི་སྙན་གྲགས་ཡོད་པའི་Bharat Jyoti Awardགཟེངས་རྟགས་དང་། ལྷག་པར་ཕྱི་ལོ་ ༢༠༠༦ ལོར་ཡུ་རོབ་Italyནང་World Children Honorary Award ཞེས་པའི་རྒྱལ་སྤྱིའི་ཆེ་བསྟོད་ཀྱི་གཟེངས་རྟགས་སོགས་ཀྱང་བཞེས་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།