སར་ཀོ་ཛི་ཡིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།

ཕྱི་ཟླ་བཅུ་གཉིས་པའི་ནང་ཕ་རན་སིའི་སྲིད་འཛིན་སར་ཀོ་ཛི་ཡིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

2008.11.13

༄༅༎ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་གཙོ་འཛིན་ཕ་རན་སིའི་སྲིད་འཛིན་སར་ཀོ་ཛི་ཡིས་པོ་ལནྜ་ལ་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་དང་སྐབས་དེ་དུས་ཁོང་རྣམ་པ་པོ་ལནྜ་ལ་་དེ་སྔ་མཐུན་སྒྲིལ་བཟོ་ཚོགས་ཀྱི་ལས་འགུལ་སྐུལ་སྤེལ་གནང་མཁན་སྲིད་འཛིན་ཟུར་པ་བ་བན་སར་ནོའོ་བའེ་ཞི་བའི་བྱ་དགའ་ཐོབ་ནས་ལོ་ཉིས་ཤུ་ལྔ་འཁོར་བའི་དྲན་གསོར་ཕེབས་ཞུགས་གནང་གི་ཡོད་ཅིང་སྲིད་འཛིན་སར་ཀོ་ཛི་ནས་༸གོང་ས་མཆོག་ནི་གཞན་སུ་ལས་ལྷག་པའི་ཆེ་ཐོངས་ཧ་ཅང་ཆེན་པོ་ཞུ་འོས་པ་ཞིག་ཡིན་པ་དང་བོད་མིར་གཉའ་གནོན་བཏང་ན་མི་འགྲིག་ཅིང་མི་ཚང་མ་དང་འདྲ་བ་བོད་མི་ཚོ་ལའང་རང་དབང་ལོངས་སུ་སྤྱོད་པའི་དབང་ཆ་ལྡན་ཡོད་ཅེས་གསུང་གླེང་གནང་འདུག  འདི་ལོ་ཟླ་བརྒྱད་པའི་ནང་པེ་ཅིན་དུ་ཨོ་ལིམ་པིཀས྄་རྩེད་འགྲན་སྐབས་སུ་སྐབས་དེར་ཕ་རན་སིར་འཚམས་འདྲིར་ཕེབས་པའི་༸གོང་ས་མཆོག་ལ་ཕ་རན་སིའི་ཕྱི་སྲིད་བློན་ཆེན་དང་སྲིད་འཛིན་གྱི་ལྕམ་ནས་མཇལ་འཕྲད་ཞུས་པ་ལས་སྲིད་འཛིན་སར་ཀོ་ཛི་ནས་མཇལ་འཕྲད་ཞུས་མེད་པར་བརྟེན་སྲིད་འཛིན་སར་ཀོ་ཛི་ནས་རྒྱ་ནག་གི་གནོན་ཤུགས་ལ་ལྟོས་ནས་བོད་ཀྱི་གནད་དོན་རྐྱེན་ལས་པེ་ཅིན་ཨོ་ལིམ་པིཀས྄་རྩེད་འགྲན་ལ་བཀག་འགོག་བྱེད་ཐུབ་མེད་པར་ཕྱི་ཕྱོགས་ནས་སྐྱོན་བརྗོད་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎