ཞེ་ཅིན་ཕུན་དང་བཀའ་མོལ་གནང་རྒྱུའི་འབོད་སྐུལ།
2014.03.25

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕུན་དང་མཉམ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་དགོས་བ་ཧྥ་རན་སེས་སྲིད་འཛིན་ལ་འབོད་སྐུལ་བྱས་འདུག
དེ་ཡང་རྒྱ་ནག་གི་སྲིད་འཛིན་Xi Jinpingགྱིས་ན་ནིང་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་སྲིད་དབང་བཟུང་བའི་རྗེས་ཡོ་རོབ་ཡུལ་གྲུ་ཁུལ་དུ་འཚམས་འདྲི་ཐེངས་དང་པོ་ཡིན་ཞིང། ད་རེས་ཞེ་ཅིན་ཕུན་གྱི་France ནང་གི་འཚམས་གཟིགས་དེ་ནི་Franceདང་རྒྱ་ནག་ཕན་ཚུན་ཕྱི་འབྲེལ་འབྲེལ་ལམ་བཙུགས་ནས་ལོ་༥༠འཁོར་བའི་དུས་ཚིགས་ཤིག་ཡིན་པར། ཕྱི་ཟླ་གསུམ་པའི་ཚེས་༢༤ཉིན་Franceའགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་Franceསྲིད་འཛིན་ལ། འགྲོ་བ་མིའི་ཐོབ་ཐང་ཐོག་ལ་དོ་སྣང་ཡོད་པའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་ནག་གི་སྲིད་འཛིན་ལ་གོ་བརྡ་སྤྲོད་དགོས་པའི་སྐོར་གསུང་ཡོད་པ་རེད། དེ་བཞིན་དུ་France ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཀྱང་Xi Jinping འཚམས་འདྲིར་བསྐྱོད་ཡུལ་ཡོ་རོབ་ཀྱི་རྒྱལ་ཁབ་Holland དང། Belgium, Germany གཞུང་སོ་སོའི་དབུ་ཁྲིད་ལ་ཕྱག་བྲིས་ཤིག་ཕུལ་ཏེ། དབུ་ཁྲིད་ཚོས་Xi Jinping དང་བཀའ་མོལ་གནང་རྒྱུའི་གྲོས་གཞིའི་ཁོངས་སུ་བོད་ཀྱི་གནད་དོན་ངེས་པར་དུ་བཀའ་མོལ་གནང་དགོས་པ་དང། རྒྱ་ནག་གཞུང་གིས་བོད་ཡོངས་སུ་འཆར་གཞི་ལྡན་པའི་དྲག་གནོན་བྱ་སྤྱོད་ལག་བསྟར་བྱས་པའི་རྐྱེན་གྱིས་བོད་མི་ཚོར་བཟོད་པར་དཀའ་བའི་དཀའ་སྡུག་མྱོང་བཞིན་ཡོད་པ་དང། དེ་ནི་བོད་མི་ཚོར་ཆོས་དད་རང་དབང་མེད་པ་དང། མི་རིགས་ཀྱི་སྐད་ཡིག་ལ་དྲག་གནོན་བྱེད་པ། བོད་ཀྱི་འབྲོག་པ་ས་ཡ་མང་པོའི་སྡོད་ཁྱིམ་དུ་གནས་སྤོ་རུ་བཅུག་ཏེ་ཁོང་ཚོིའི་འཚོ་བའི་གོམས་གཤིས་ལ་གནོད་འཚེ་གཏོང་བ། རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་བ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་བཀུར་འདེབས་ཞུ་རུ་བཅུག་པའི་སྐོར་བཀོད་ཡོད་པ་མ་ཟད། Xi Jinping ལ་བོད་ཀྱི་དཀའ་ངལ་གཏན་དུ་སེལ་ཐབས་ཀྱི་ཆེད་དུ་བཙན་བྱོལ་བོད་མིའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་ཡོང་རྒྱུར་བཀའ་མོལ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།