ཆོས་རྒྱལ་ལགས་གློད་བཀྲོལ།


2013.09.13
བསོད་ནམས་ཆོས་རྒྱལ་ལགས་སུ་ས་གནས་མི་མང་ནས་ཕེབས་བསུ་ཞུ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསོད་ནམས་དབང་འདུས།

༄༅།    །དེ་ཡང་༢༠༡༡་ལོར་དཀར་མཛེས་རྫོང་ཐོག་ཏུ་བསོད་ནམས་ཆོས་རྒྱལ་ལགས་དང་།  བསོད་ནམས་ཉི་མ་ལགས་གཉིས་ནས་བོད་ལ་རང་དབང་དགོས་ཞེས་ཞི་བའི་སྐད་འབོད་ཀྱི་ངོ་རྒོལ་གནང་སྐབས་རྒྱ་ནག་གི་ཉེན་རྟོག་པས་ཁོང་གཉིས་འཛིན་བཟུང་བྱས་ནས།  དཀར་མཛེས་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བསོད་ནམས་ཆོས་རྒྱལ་ལགས་སུ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཙུགས་ནས་ལོ་གསུམ་གྱི་ཁྲིམས་ཐག་བཅད་དེ།   ཁྲིན་ཏུའུ་གྲོང་ཁྱེར་གྱི་ཉེ་མཁྲིས་སུ་ཡོད་པའི་མན་ཡངས་བཙོན་ཁང་ནང་བཙོན་འཇུག་བྱས་ཡོིད་པ་རེད།  ཁོང་གི་བཙོན་འཇུག་ཁྲིམས་ཐག་གི་དུས་ཡུན་ཟླ་བ་བདུན་ཙམ་གྱི་མ་ཚང་གོང་།  ཟླ་བ་འདིའི་ཚེས་༧ཉིན་གློད་བཀྲོལ་བཏང་འདུག ཁོང་གི་བཙོན་འཇུག་ཁྲིམས་ཐག་གི་དུས་ཡུན་མ་ཚང་གོང་གློད་གྲོལ་གཏོང་དགོས་པའི་རྒྱུ་མཚན་ཤེས་རྟོགས་མ་བྱུང་ཞེས་གནས་ཚུལ་མཁོ་སྤྲོད་པས་གསུངས་ཀྱི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎