ཞི་བའི་བརྡ་ལན་ཞིག་གནང་དགོས་པ་བཀོད་མངགས་མཛད་འདུག
2014.03.12

ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་རྣམ་པས་བཞུགས་སྒར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་འདུག
དེ་ཡང་ཡོ་རོབ་སྤྱི་མཐུན་ཚོགས་པའི་དཔལ་འབྱོར་དང་། སྤྱི་ཚོགས་ཡར་རྒྱས་ལྷན་ཁང་གི་འགན་འཛིན་Henri Malooseམཆོག་གིས་སྣེ་ཁྲིད་འོག་ཚོགས་མི་དྲུག་ལས་གྲུབ་པའི་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཞིག་དེང་སྐབས་བཞུག་སྒར་རྡ་རམ་ས་ལར་ཕེབས་ཡོད་པ་དང་། ཚེས་༡༡ཉིན་སྤྱི་ནོར་༧གོང་ས་མཆོག་གིས་ཡོ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་རྣམས་ལ་གཟིམ་ཆུང་མཇལ་ཁ་བསྩལ་གནང་ཡོད་པ་རེད། མཇལ་འཛོམས་དེའི་སྐབས་༧གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་གཞུང་དང་གྲོས་མོལ་གྱི་ལམ་ནས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་ལས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད་པའི་བཞེངས་ཕྱོགས་ནན་བརྗོད་གནང་འདུག་པ་མ་ཟད། རྒྱ་ནག་དང་མཉམ་གནས་བྱས་ཚེ་བོད་མིའི་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་ཁེ་ཕན་ཡོད་པ་དང་ཆབས་ཅིག་བོད་ནང་ཤེས་ཡོན་དང་ཁོར་ཡུག ཆོས་དད་བཅས་ཀྱི་གནད་དོན་ཐོག་བོད་པ་རང་ཉིད་ཀྱིས་འགན་འཁུར་བྱེད་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་གསལ་འདོན་གནང་འདུག ཡང་མཇལ་མོལ་དེའི་སྐབས་༧གོང་ས་མཆོག་གིས་ལྐོག་ཟ་རུལ་ཟུངས་ཀྱི་བྱ་སྤྱོད་དེ་བཞིན་འཚེ་བའི་བྱ་སྤྱོད་ཅིག་དང་དེར་གདོང་ལེན་བྱེད་དགོས་པའི་གལ་གནད་ནན་བརྗོད་གནང་པའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་President Xi Jinping གིས་རྒྱ་ནག་ནང་དུ་ལྐོག་ཟའི་ལམ་ལུགས་མེད་པ་བཟོ་རྒྱུའི་སྲིད་ཇུས་ལག་བསྟར་གནང་བཞིན་པ་དེར་བསྔགས་བརྗོད་ཡོད་གསུང་གནང་འདུག ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ལྷན་ཁང་གི་འགན་འཛིན་སྐུ་ཞབས་Henri Malosse མཆོག་ལ་རིང་མིན་རྒྱ་ནག་གི་སྲིད་འཛིན་Brussels དུ་གཞུང་འབྲེལ་འཚམས་གཟིགས་སྐབས་བོད་ཀྱི་གནད་དོན་སེལ་ཆེད་ཞི་བའི་བརྡ་ལན་ཞིག་གནང་དགོས་པ་བཀོད་མངགས་མཛད་འདུག་ལ་སྐུ་ཞབས་Henriམཆོག་གིས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་གཞི་རྩའི་རིན་ཐང་ཆེ་བའི་གནད་དོན་ཐོག་ཁོང་སྐུ་ཉིད་ཀྱི་ངོས་ནས་རྒྱ་ནག་དང་ནམ་ཡང་བསྟུན་ཐབས་བྱ་རྒྱུ་མིན་སྐོར་གསལ་འདོན་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།