བཞུགས་སྒར་དུ་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི།


2014.06.23
འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་རྒྱལ་སྤྱིའི་མནར་གཅོད་ཉིན་མོར་གཏམ་བཤད་སྤེལ་བཞིན་པ། ༢༠༡༤།༦།༢༢ འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་རྒྱལ་སྤྱིའི་མནར་གཅོད་ཉིན་མོར་གཏམ་བཤད་སྤེལ་བཞིན་པ། ༢༠༡༤།༦།༢༢
VOT

མནར་གཅོད་མྱོང་བཞིན་པ་རྣམས་མནར་གཅོད་ལས་ཐར་ཐབས་སུ་འགོག་རྐྱེན་གང་ཞིག་འཕྲད་ཀྱི་ཡོད་ཀྱང་དེར་གདོང་ལེན་བྱེད་དགོས།
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཁྱིམ་ཉིན་སློབ་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཐུན་མོང་གིས་གོ་བསྒྲིགས་འོག་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་དང་། སྤྱི་ཚེས་༢༢་ཉིན་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་།  རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས། ཆབ་སྲིད་བཙོན་པ་ཟུར་པ་མགོ་ལོག་འཇིགས་མེད་ལགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་རྣམ་རྒྱལ་སྒྲོལ་དཀར་ལགས་དེ་བཞིན་འབྲེལ་ཡོད་ལས་བྱེད་དང་མི་མང་བཅས་ཁྱོན་མི་གྲངས་༨༠ ཙམ་ལྷན་འཛོམས་སར་འཕྲོད་བསྟེན་བཀའ་བློན་མཆོག་གིས་ལོ་ལྟར་སྤྱི་ཟླ་༦ ཚེས་༢༦ ཉིན་མོར་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། ལོ་མང་རིང་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག་ཉིན་མོ་འདི་སྲུང་བརྩི་ཞུ་གི་ཡོད་ཞེས་དང་། རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུ་དགོས་དོན་གཙོ་བོ་ནི་འཛམ་གླིང་ནང་མནར་གཅོད་མྱངས་དང་མྱོང་བཞིན་པའི་མི་མང་པོ་ཞིག་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཆེད་ཡིན། འདི་ལོའི་རྒྱལ་སྤྱིའི་མནར་གཅོད་ཉིན་མོའི་བརྗོད་གཞི་ནི་མནར་གཅོད་མྱོང་བཞིན་པ་རྣམས་མནར་གཅོད་ལས་ཐར་ཐབས་སུ་འགོག་རྐྱེན་གང་ཞིག་འཕྲད་ཀྱི་ཡོད་ཀྱང་དེར་གདོང་ལེན་བྱེད་ཕྱོགས་ཞེས་པ་དེ་ཡིན།  དེར་བརྟེན་དེའི་ཐོག་མང་ཚོགས་ནས་ཁྲིམས་བརྒྱུད་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་རག་ཐབས་ཆེད་ཚང་མས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། བོད་ཀྱི་གཙོས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་མང་ཚོགས་མནར་གཅོད་མྱངས་དང་མྱོང་བཞིན་པ་མང་པོ་ཡོད་པ་དེ་དག་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གཏམ་བཤད་གནང་ཡོད་པ་རེད།  སྤྱིར་ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཡོད་ཀྱང་འདི་ལོའི་ཕྱི་ཟླ་ ༧ ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་དུས་འཁོར་དབང་ཆེན་ཐེངས་༣༣ པ་སྩལ་གནང་གི་ཡོད་སར་མི་མང་པོ་དུས་འཁོར་དབང་ཆེན་ཞུ་བར་བཅར་གྱི་ཡོད་པར་བརྟེན་དུས་ཚོད་སྔ་སྣུར་གྱིས་ཕྱི་ཚེས་༢༢ ཉིན་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུས་པ་ཡིན་འདུག

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎