གྲོས་ཚོགས་ཀྱི་ལས་བྱེད་དང་གཞོན་སྐྱེས་ལ་བཀའ་སློབ།


2014.02.06
སེམས་ཞི་བདེ་བཟོ་ཐབས། ༧གོང་ས་མཆོག་ནས་ཀན་ཊ་ཀི་ཁུལ་དུ་མང་ཚོགས་ལ་བཀའ་སློབ་གནང་བཞིན་པ།
༧སྐུ་སྒེར་ཡིག་ཚང་།

༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཕེབས་ནས་གྲོས་ཚོགས་ཀྱི་ལས་བྱེད་དང་གཞོན་སྐྱེས་ཁག་ཅིག་ལ་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད་འདུག
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱེད་པའི་American Enterprise Institute ཞེས་པའི་ཆབ་སྲིད་དང་དཔལ་འབྱོར་ཚོང་ལས་ཞིབ་འཇུག་ཁང་གིས་ཇི་ལྟར་གསོལ་འདེབས་ཞུགས་པ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཆིབས་བསྒྱུར་བསྐྱངས་ཏེ་གྲོས་ཚོགས་ཀྱི་ལས་བྱེད་དང་གཞོན་སྐྱེས་ཁག་ཅིག་ལ་བཀའ་སློབ་སྩལ་གཏན་འཁེལ་འདུག
དེ་ནི་ཟླ་བ་འདིའི་ཚེས་༡༨ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་༧ཞབས་སོར་འཁོད་རྗེས་ཕྱི་ཚེས་༡༩ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་ཞུ་མཁན་ American Enterprise Institute ཞེས་པའི་ཚོང་ལས་སྒྲིག་འཛུགས་ཀྱི་ཉམས་ཞིབ་པ་དང་ཚོགས་མི། དེ་བཞིན་གྲོས་ཚོགས་ཀྱི་ལས་བྱེད་སོགས་ལ་འགོ་ཁྲིད་ཀྱིས་འཛམ་གླིང་ནང་ཡར་རྒྱས་གཏོང་ཐུབ་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ཕྱི་ཚེས་ ༢༠ ཉིན་གོང་ཞུས་ཚོང་ལས་སྒྲིག་འཛུགས་དེ་དང་། སེམས་དང་སྲོག་གི་ཞིབ་འཇུག་ཚན་པ་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་བཟང་སྤྱོད་དང་ལྡན་པའི་ཚོང་ལས་བྱེད་ཕྱོགས། དེ་བཞིན་འགྲོ་བ་མིའི་བདེ་སྐྱིད་སྐྲུན་ཐབས། ཕན་ཚུན་ཡིད་ཆེས་བློས་འགེལ་ཐོག་ནས་འཛམ་གླིང་འདིའི་ནང་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་བཅས་པའི་བརྗོད་གཞིའི་བགྲོ་གླེང་ཚོགས་འདུའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག
བགྲོ་གླེང་ཚོགས་འདུ་དེ་དག་གི་ནང་ཨ་རིའི་ནང་གི་ཚོང་ལས་དང་། ཆབ་སྲིད་མི་སྣ། ཤེས་ཡོན་ཅན། མཁས་དབང་སོགས་མང་དག་ཅིག་མཉམ་ཞུགས་གནང་འཆར་ཡོད་པ་རེད་འདུག དེ་བཞིན་ཡང་རིང་མིན་སྤྱི་ཟླ་༣པའི་ཚེས་༧ཉིན་༧གོང་ས་མཆོག་གིས་ཨ་རིའི་རྒྱལ་སར་ཡོད་པའི་National Cathedralཡེ་ཤུ་ཚོགས་ཁང་དུ་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་གནང་མཛད་རྒྱུའི་མཛད་འཆར་གཏན་འཁེལ་ཟིན་ཡོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎