༧གོང་ས་མཆོག་རྒྱ་གར་སིམ་ལར་ཕེབས་གནང་འདུག


2014.03.17
༧གོང་ས་མཆོག་ཆོ་འཕྲུལ་སྨོན་ལམ་སྐབས་གཙུག་ལག་ཁང་ནས་ཕོ་བྲང་ལ་ཕེབས་བཞིན་པ། ༢༠༡༤།༣།༡༦ ༧གོང་ས་མཆོག་ཆོ་འཕྲུལ་སྨོན་ལམ་སྐབས་གཙུག་ལག་ཁང་ནས་ཕོ་བྲང་ལ་ཕེབས་བཞིན་པ། ༢༠༡༤།༣།༡༦
པར། སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་རྒྱ་གར་སིམ་ལ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་མཛད་སྒོའི་ཐོག་བཀའ་སློབ་སྩལ་གནང་རྒྱུ་ཡིན་པ་རེད།
དེ་ཡང་ཕྱི་ཟླ་༣ཚེས་༡༧ཉིན་གྱི་སྔ་དྲོར་སྤྱི་ནོར་༧གོང་ས་མཆོག་བཞུགས་སྒར་རྡ་རམ་ས་ལ་ནས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་དད་ལྡན་སེར་སྐྱ་མང་ཚོགས་ཚོས་གཞུང་ལམ་གཡས་གཡོན་དུ་དཀར་གཙང་མཇལ་དར་ཐོགས་ནས་ཕེབས་སྐྱེལ་གཟབ་རྒྱས་ཞུས་ཡོད་པ་རེད། ༧གོང་ས་མཆོག་ཚེས་༡༨སྔ་དྲོར་སིམ་ལ་ཁུལ་དུ་རྟེན་གཞི་བྱས་པའི་ཇོ་ནང་དགོན་པར་ཕེབས་ནས་གནས་གཟིགས་མཛད་གནང་རྒྱུ་དང་། དེའི་རྗེས་སིམ་ལ་གཏན་སློབ་དུ་ཆིབས་བསྒྱུར་བསྐྱང་སྟེ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བསྩལ་གནང་མཛད་རྒྱུ་ཡིན་པ་མ་ཟད། རྡོ་རྗེ་བྲག་དགོན་པར་གུ་རུའི་ལྷ་ཁང་གསར་བཞེངས་གྲུབ་པར་རབ་གནས་གནང་རྒྱུ་ཡིན་འདུག སྤྱི་ཚེས་༡༩ཉིན་གོང་ས་མཆོག་སིམ་ལ་གཙུག་ལག་སློབ་གྲྭའི་བསླབ་པ་མཐར་སོན་གྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར་ཆིབས་སྒྱུར་བསྐྱང་སྟེ་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པའི་ཐོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། ཧི་མཱ་ཅམ་མངའ་སྡེའི་སྲིད་སྐྱོང་བཅས་སྐུ་བཅར་ཞུ་རྒྱུ་ཡིན་པ་རེད་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་སིམ་ལའི་ཁུལ་གྱི་ཉིན་གཉིས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་པའི་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་དེ། ཕྱི་ཚེས་༢༠ ཉིན་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་Lady Shree Ram College ཞེས་པའི་བེུད་ཀྱི་མཐོ་རིམ་སློབ་གྲྭ་དེར་བདེ་སྐྱིད་དང་བཟང་པོའི་ཀུན་སྤྱོད། མཐར་ཐུག་གི་འབྲས་བུ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་རྒྱུ་ཡིན་པ་རེད།


ཕྱི་ནང་དད་ལྡན་སྟོང་ཚོ་མང་པོ་གསུང་ཆོས་ལ་འཛོམས་ཡོད་པ།
ཕྱི་ནང་དད་ལྡན་སྟོང་ཚོ་མང་པོ་གསུང་ཆོས་ལ་འཛོམས་ཡོད་པ།

༧གོང་ས་མཆོག་གིས་སྤྱི་ཚེས༡༦་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཉིན་བཞུཌ་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་དད་ལྡན་སྟོང་ཚོ་མང་པོར་སྟོན་པའི་སྐྱེས་རབས་སྐོར་གྱི་གསུང་ཆོས་བཀྲིན་ཆེ་གནང་མཛད་པ་དང་། སྐབས་དེར་༧གོང་ས་མཆོག་ལ་ཚ་བ་གཞིས་བྱེས་ཡོངས་ནས་བརྟན་བཞུཊ་རྒྱས་པ་ཞིག་བསྟར་འབུལ་ཞུས་སྐབས་ ༧མགོན་པོ་གང་ཉིད་ནས་བརྟན་བཞུཊ་ཀྱི་ནུས་པ་ཐོན་པའི་སླད་དུ་བླ་སློབ་གཉིས་ཀས་བསོད་ནམས་གསོག་དགོས་པ་དང་། བསོད་ནམས་ལྡན་པའི་མི་ཡིས་བསམ་དོན་འགྲུབ་ཀྱི་རེད་ལ། ཕྱི་ནང་གི་བར་ཆད་ཀྱིས་མི་གནོད་པ་ཞིག་ཡོང་གི་རེད། དེའི་ཕྱིར་བསོད་ནམས་གསོག་པའི་ཐབས་ལམ་ཡག་ཤོས་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དེ་རེད་ཅེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎