འཛམ་གླིང་ཆོས་ལུཊ་ལྷན་ཚོཊ་སུ་གསུང་འཕྲིན་བསྩལ་འདུག
2014.02.19
༧གོང་ས་མཆོག་གིས་ཆོས་ལུགས་ཚང་མར་གུས་བརྩི་ཞུ་རྒྱུ་གལ་ཆེན་ཡིན་པ་འཛམ་གླིང་ཆོས་ལུགས་ལྷན་ཚོགས་སུ་གསུང་འཕྲིན་སྩལ་འདུག
དེ་ཡང་དབྱིན་ཇིའི་རྒྱལ་ས་Londonལ་འཛམ་གླིང་ཆོས་ལུགས་ལྷན་ཚོགས་ཚོགས་བཞིན་ཡོད་པའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ལྟར་ན། ༧གོང་ས་མཆོག་གི་གསུང་འཕྲིན་ནང་། ཆོས་ལུགས་ཚང་མའི་གཞི་རྩའི་དམིགས་ཡུལ་ནི་གཞན་ཕན་གྱི་ལྟ་བ་དང་། བྱམས་བརྩེ་གོང་སྤེལ་གཏོང་ཐབས་ཡིན་པར་བརྟེན་ཆོས་ལུགས་ཚང་མར་གུས་བཀུར་བྱེད་རྒྱུ་གལ་ཆེན་པོ་ཡིན་ལ་ཆོས་ལུགས་ཚང་མ་ནང་སེམས་ཞི་བདེ་བསྐྲུན་ཐབས་ཆེད་ཡིན་པ་དང་། ངོས་ཀྱིས་འཛམ་གླིང་ཆོས་ལུགས་ལྷན་ཆོགས་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཡོད་ཅེས་གསུང་གནང་ཡོད་པ་རེད་འདུག འཛམ་གླིང་ཆོས་ལུགས་ལྷན་ཚོགས་དེར་ཆོས་ལུགས་ཁག་གི་དབུ་ཁྲིད་དང་། ཆབ་སྲིད་མི་སྣ། ཤེས་ཡོན་ཅན། མཁས་དབང་། གཞུང་འབྲེལ་དཔོན་རིགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་རྒྱལ་ཁབ་ཁག་༢༦ནས་སྐུ་ཚབ་འཐུས་མི་༥༠༠ལྷག་ཙམ་མཉམ་ཞུགས་གནང་ཡོད་འདུག ལྷན་ཚོགས་ཀྱི་བརྗོད་གཞི་ནི་དུས་རབས་ཉི་ཤུ་རྩ་གཅིག་པའི་དཀོན་མཆོག་ཅེས་པ་དེ་ཡིན་པ་དང་། ལྷན་ཚོགས་དེ་བཞིན་Ahmadiyya Muslim Communityཞེས་ཡུ་རོབ་ཁུལ་གྱི་ཁ་ཆེའི་སྤྱི་ཚོགས་ནས་གོ་སྒྲིག་ཞུས་ཡོད་པ་དང་། ཚོགས་པ་དེའི་དབུ་ཁྲིད་Hazrat Mirza Masroor Ahmad མཆོག་གིས་འཛམ་གླིང་ནང་གི་ཆོས་ལུགས་མང་ཆེ་བས་དཀོན་མཆོག་ལ་མཆོད་པ་དང་། འགྲོ་བ་མི་རིགས་ལ་བྱམས་སྙིང་རྗེ་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད་པ་བཞིན་ང་ཚོས་དེ་ལྟར་དངོས་སུ་ཉམས་ལེན་བྱས་ཚེ་རྩོད་རྙོག་དང་དམག་འཁྲུག་མེད་པར་ཞི་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ངེས་རེད་ཞེས་གསུང་གནང་འདུག
གསར་འགོདཔ་དོན་གྲུབ་རྣམ་རྒྱལ།