༧གོང་ས་མཆོག་ཆིབས་བསྒྱུར་གནང་འཆར་མེད།
2013.12.09

༧གོང་ས་མཆོག་Nelson Mandela དམ་པའི་ཆེད་མྱ་ངན་གུས་འདུད་ཞུ་རྒྱུའི་གཞུང་འབྲེལ་མཛད་སྒོའི་ཐོག་ཆིབས་བསྒྱུར་གནང་འཆར་མི་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་མགྲིན་ཚབ་པས་གསུངས་དོན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་ཟུར་པ་Nelson Mandela དམ་པ་དེའི་སྐུ་ཕུང་འདོན་ལས་དང་། གཞུང་འབྲེལ་མྱ་ངན་ཞུ་རྒྱུའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་རྒྱུའི་མཛད་འཆར་མེད་པ་རྗོད་ཡོད། ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་ཟུར་བ་དང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་Nelson Mandela་དམ་པ་དེའི་སྐུ་ཕུང་འདོན་ལས་གྱི་གཞུང་འབྲེལ་མཛད་སྒོ་དེ་བཞིན་ཁོང་ཆུང་དུས་ཀྱི་གྲོང་ཁྱེར་Qunu ཞེས་པར་འདི་ཟླའི་ཚེས་༡༥་ཉིན་གནང་འཆར་ཡོད་འདུག
Nelson Mandala དམ་པ་དང་། ལྷོ་ཨ་ཕེ་རི་ཀའི་མི་རིགས་དབྱེ་འབྱེད་ཀྱི་གཞུང་འཛིན་ལ་ངོ་རྒོལ་གནང་མཁན་ཡུལ་དེའི་ཡེ་ཤུའི་ཆོས་དཔོན་Desmond Tutuམཆོག་ཕྱི་ལོ་༢༠༡༡་ལོར་དགུང་གྲངས་༨༠་ཕེབས་སྐབས། ཁོང་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་གདན་ཞུའི་གསོལ་འདེབས་ཞུས་ཡོད་ཀྱང་། ཡུལ་དེའི་གཞུང་གིས་༧གོང་ས་མཆོག་ལ་མཐོང་ཆེན་Visa ཕུལ་མེད་པ་དང་། དེའི་སྔོན་ཕྱི་ལོ་༢༠༠༩་ལོར་ལ་ཡང་༧གོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་བསྐྱངས་འཐུས་ཆོག་པའི་མཐོང་ཆེན་འབུལ་ལམ་ཞུས་མེད་པ་རེད་ལ། དེ་ནི་གཙོ་བོ་རྒྱ་ནག་གཞུང་གིས་ལྷོ་ཨ་ཕེ་རི་ཀའི་གཞུང་ལ་གནོན་ཤུཌ་སྤྲད་པའི་རྐྱེན་གྱིས་ཡིན་སྐོར་ཕ་རན་སིའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།