འཆམ་མཐུན་མཉམ་གནས་བསྐྲུན་མཁན་རླབས་ཆེན་དབུ་ཁྲིད་ཡིན།


2013.12.06
༧གོང་ས་མཆོག་དང་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་Nelson Mandelaརྣམ་གཉིས། ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་Nelson Mandela
པར། སྐུ་སྒེར་དྲ་བ།

༧གོང་ས་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་Nelson Mandela སྐུ་ཚེ་ཕན་པ་རྫོགས་པར་ཐུགས་གསོའི་འཚམས་འདྲི་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་དབུ་ཁྲིད་འདས་པོ་Nelson Mandela ནི་སྐྱེ་བོ་བློ་སྟོབས་ཅན་ཞིག་དང་། ཀུན་སྤྱོད་བཟང་ལ་ཚང་མས་ཡིད་ཆེས་འཕེར་བའི་མི་བཟང་པོ་ཞིག་ཡིན་པ་དང་། སྐུ་སྒེར་གྱི་ངོ་ཤེས་གྲོགས་པོ་ཞིག་ཀྱང་ཡིན་པར། ད་རེས་ཁོང་སྐུ་ཚེའི་ཕན་པ་རྫོགས་པར་སྨོན་འདོན་དང་ཁོང་གི་རྗེས་ཤུལ་ནང་མི་ཚོར་ཐུགས་གསོ་ཞུ་བཞིན་ཡོད་ཅེས་དང་། ཡང་༧གོང་ས་མཆོག་གིས་Nelson Mandela ལ་ནི་ལྷོ་ཨ་ཧྤི་རི་ཀའི་རྒྱལ་ཁབ་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་དབང་ལམ་ལུགས་མེད་པར་བཟོས་ཏེ་ཡུལ་ནང་ཕན་ཚུན་འཆམ་མཐུན་མཉམ་གནས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་མཁན་རླབས་ཆེན་གྱི་དབུ་ཁྲིད་འདི་ཡིན་པར།  ད་ཆ་འཛམ་གླིང་ནང་རླབས་ཆེན་གྱི་དབུ་ཁྲིད་ཅིག་མེད་པ་གྱུར་ཡོད་ཅེས་གསུངས་ཡོད་པ་རེད།

དགུང་གྲངས་༩༥ཕེབས་པའི་ Nelson Mandela ནི་ལྷོ་ཨ་ཧྥི་རི་ཀའི་ནང་མི་རིགས་དཀར་པོས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་འཐབ་རྩོད་བྱས་ཏེ་རྒྱུན་རིང་བཙོན་བཅུག་མྱངས་ཡོད་པ་དང་། རྗེས་སུ་ཡུལ་དེར་མི་རིགས་དབྱེ་འབྱེད་ཀྱི་སྲིད་དབང་ལམ་ལུགས་མེད་པ་གྱུར་བའི་རྒྱལ་ཁ་དང་། རྒྱལ་ཡོངས་འོས་བསྡུ་དང་པོའི་ནང་ཡུལ་གྱི་སྲིད་འཛིན་ལ་བདམས་ཐོན་བྱུང་ཡོད་པ་རེད།

འཛམ་གླིང་ནང་ཆེས་གུས་བཀུར་ཆེན་པོ་ཞུ་ཡུལ་འཛམ་གླིང་ཞི་བདེའི་བྱ་དགའ་བཞེས་མཁན་དབུ་ཁྲིད་འདས་པོ་Nelson Mandela་དང་། ༧གོངས་མཆོག་གི་དབར་༢༠༠༤ལོར་ལྷོ་ཨ་ཧྥི་རི་ཀའི་ནང་མཇལ་འཕྲལ་སྐུ་ལྷོད་པོ་ཞིག་བྱུང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་ Nelson Mandela མཇལ་འཕྲལ་རྗེས་གསར་འགོད་ལྷན་ཚོགས་ལ  Nelson Mandela ལ་འཛམ་གླིང་ནང་དགའ་མོས་བྱེད་མཁན་ས་ཡ་མང་པོ་ཡོད་པ་དང་། དེའི་ཁོངས་ངོས་ཀྱང་གཅིག་ཡིན་པས། དེ་རིང་ངོས་རང་Nelson Mandela དང་མཇལ་འཕྲད་བྱུང་བར་མཇལ་འདོད་ཀྱི་རྨི་ལམ་དེ་སྒྲུབ་སོང་གསུངས་ཡོད་པ་རེད།

དབུ་ཁྲིད་འདས་པོ་ཁོང་གིས་སྐབས་དེར་༧གོང་ས་མཆོག་ལ་༧གོང་ས་མཆོག་ཆིབས་བསྒྱུར་གར་གནང་སར་བཅར་ཐུབ་ཐབས་མེད་ཀྱང་། ༧གོང་ས་མཆོག་གི་ཕྱག་ལས་གང་གནང་ལ་ རྒྱབ་སྐྱོར་མཐའ་ཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས།

 

ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་Nelson Mandela དགོངས་པ་རྫོཌ་པར་བློ་ཕམ་ཧ་ཅང་ཆེན་པོ་བྱུང་། གང་ལ་ཞེ་ན་ཁོང་ནི་ཞི་བའི་ལམ་ནས་དྲང་བདེན་རྩོད་མཁན་ཞིག་ཡིན་པ་དང་། ཁོང་བཙོན་ཁང་ནང་མི་ལོ་༢༧་རིང་ཞུཌ་དགོས་བྱུང་ཡང་ལྷོ་ཨ་ཧྤེ་རི་ཀའི་ནང་མང་གཙོ་དང་རང་དབང་སྐྱར་གསོ་གནང་ཐུབ་པ་བྱུང་བ་དང་། ལྷག་པར་དུ་མི་རིགས་དཀར་ནག་དབྱེ་འབྱེད་སྐབས་བྱུང་བའི་འཁོན་འཛིན་གྱི་བསམ་བློ་དོར་ཏེ་མི་རིགས་ཚང་མར་ཐོབ་ཐང་འདྲ་མཉམ་བསྐྲུན་ཐུབ་པ། ད་དུང་ཁོང་གིས་བདེན་པ་དང་ཞི་བའི་ལམ་ནས་འཐབ་རྩོད་བྱས་ན་རྩོད་ས་ཡོད་པ་མ་ཟད། རྩོད་ཐུབ་དང་བསྒྲུབ་རྒྱུ་ཡོད་པ་ཞིག་སྟོན་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ང་ཚོ་བོད་མི་གཙོས་འཐབ་རྩོད་པ་སྤྱི་ཡོངས་ལ་སེམས་ཤུཌ་འཕར་དགོས་རྒྱུ་ཞིག་དང་མིག་དཔེ་ཡར་བལྟ་ཞུ་ས་ཞིག་ཆཌ་ཡོད་སྐོར་བཞུཌ་སྒར་རྡ་རམ་ས་ལར་ཕྱི་ནང་གི་གསར་འགོད་འདུ་འཛོམས་ཐོག་གསུངས་གནང་འདུག དེ་བཞིན་བོད་མིའི་སྒྲིག་འཛུཌ་ཀྱི་ངོས་ནས་ལྷོ་ཨ་ཕེ་རི་ཀའི་གཞུང་མང་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པའི་གསུངས་འཕྲིན་ཞིག་ཀྱང་ཡུལ་དེའི་སྲིད་འཛིན་Jacob Zuma་མཚན་ཐོག་ལ་ཕུལ་འདུག  གཞན་བོད་མི་མང་སྤྱི་འཐུས་ལྷན་ཚོཌ་ཀྱིས་ཀྱང་ཁ་ས་Nelson Mandela དགོངས་པ་རྫོཌ་པར་ཡུལ་དེའི་སྲིད་འཛིན་Jacob Zuma མཆོག་དང་Nelson Mandelaམཆོག་གི་སྐུ་ཟླ་ལྕམ་Garca Mandela མཆོག་ལ་ཐུཌ་གསོའི་འཚམས་འཕྲིན་གནང་ཡོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎