བོད་ཀྱི་གསོ་བ་རིག་པ་དང་འཕྲོད་བསྟེན་སྐོར་ངོ་སྤྲོད་གཏམ་བཤད།


2014.03.10
བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོར་བོད་ཀྱི་གསོ་བ་རིག་པ་དང་འཕྲོད་བསྟེན་སྐོར་ངོ་སྤྲོད་གཏམ་བཤད་གནང་བཞིན་པ། ༢༠༡༤།༣།༩ བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོར་བོད་ཀྱི་གསོ་བ་རིག་པ་དང་འཕྲོད་བསྟེན་སྐོར་ངོ་སྤྲོད་གཏམ་བཤད་གནང་བཞིན་པ། ༢༠༡༤།༣།༩
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

༧གོང་ས་མཆོག་གི་སྐུ་བཅར་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱི་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོར་བོད་ཀྱི་གསོ་བ་རིག་པ་དང་འཕྲོད་བསྟེན་སྐོར་ངོ་སྤྲོད་གཏམ་བཤད་གནང་སོང་།
དེ་ཡང་ཟླ་བ་འདིའི་སྤྱི་ཚེས་༩ཉིན་གྱི་དགོང་དྲོར་༧གོང་ས་མཆོག་གི་སྐུ་བཅར་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོར་མི་ངོ་༢༥༠༠ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། ད་བར་འགྲོ་བ་མིའི་སྐྱེས་རྒ་ན་འཆིའི་དཀའ་སྡུག་ཁྲོད་ཕན་ཐོག་མང་པོ་བྱུང་བ་དཔེ་མཚོན་དང་སྦྱར་ནས་བོད་ཀྱི་གསོ་བ་རིག་པ་ནི་བོད་མི་རིགས་ཀྱི་རིག་གཞུང་ནོར་བུ་ཡིན་པ་ངོ་སྤྲོད་གནང་བ་དང་། དཔེར་ན་དེང་སྐབས་བཅོས་ཐབས་མེད་པའི་གཉན་ནད་རེག་དུག་དང་། བོད་ཀྱི་གསོ་བ་རིག་པའི་ཐད་གསུངས་སྐབས། ད་ལྟ་བོད་སྨན་ཁག་གཅིག་གིས་གཉན་གྱི་སྲིན་འབུའི་ན་ཚ་སྟེ། གཉན་ནད་ཙམ་མིན་པར་གློ་ནད་གཉན་ཚད་ཟེར་བ་དེ་གཉན་ནད་རེག་དུག་གི་སྤུན་མཆེད་རེད་ཟེར་གྱིན་ཡོད་ལ། དེར་ཡང་བོད་སྨན་སྤྲད་ན་ཧ་ཅང་གི་ཕན་པ་ཡོང་གི་འདུག གང་ལྟར་ཕྱི་ལུགས་སྨན་པས་བཅོས་ཐབས་མ་བྱུང་བའི་ནད་པ་མང་པོ་དཀའ་ངལ་ལས་ཐར་ཏེ་ཕན་ནུས་མང་བོ་ཡོང་གི་ཡོད་པ་ལྟར་ཕྱི་ནས་ངོ་སྣང་བྱེད་མཁན་དང་སློབ་སྦྱོང་བྱེད་མཁན་ཇེ་མང་ཡིན་པ་སོགས་ངོ་སྤྲོད་གནང་།
ཡང་འཕྲོད་བསྟེན་སྐོར་གསུངས་སྐབས་། འཕྲོད་བསྟེན་ནི་དཔལ་འབྱོར་ཡིན་ཟེར་སྲོལ་ཡོད་པ་དང་། འཕྲོད་བསྟེན་ནི་མིའི་མི་ཚེ་འདིར་ལས་དོན་གང་ཞིག་བྱེད་པར་ཐོག་མའི་ཆ་རྐྱེན་གལ་ཆེ་ཤོས་དེ་ཡིན་པས་། སོ་སོའི་འཕྲོད་བསྟེན་དེ་ནམ་ཡང་དང་པོར་འཇོག་དགོས་བ་དང་། ལྷག་པར་ནུབ་ཕྱོགས་ལ་སྡོད་མཁན་ཚོས་དཔལ་འབྱོར་འཚོལ་བར་ཐོག་མར་སོ་སོའི་འཕྲོད་བསྟེན་བདེ་ཐང་བརྗེད་མི་ཉན་པར། ཟས་དང་སྤྱོད་ལམ་ལ་ཐུགས་སྣང་བྱེད་རྒྱུ་གལ་ཆེ་ཤོས་ཡིན་པ་སོགས་གསུངས་སོང་།
སྨན་པ་རྟ་མགྲིན་ཚེ་དབང་ལགས་ཕྱི་ལོ་ ༡༩༧༨ ལོར་སྨན་པ་བཀའ་བཅུ་པ་ཐོན་པ་དང་། ༡༩༧༩ ལོ་ནས་ ༡༩༨༣ བར་སྐབས་མཚམས་ས་གནས་སྨན་པའི་རྐང་ཚབ་དང་༧གོང་ས་མཆོག་གི་བླ་སྨན་རྣམ་པའི་ཆིབས་ཞབས་བཅས་གནང་། ༢༠༠༡ ཟླ་ ༨ ཚེས་ ༡ ཉིན་༧གོང་ས་མཆོག་གི་སྐུ་བཅར་བླ་སྨན་པར་བསྐོ་བཞག་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎