ལྷོ་ཀོ་རི་ཡའི་སློབ་ཕྲུག་དང་རྒྱ་མིའི་སློབ་ཕྲུག་དབར་འཁོན་འཁྲུག་ཤོར་འདུག

ལྷོ་ཀོ་རི་ཡའི་ནང་ཨོ་ལིམཔིཀ་ཀྱི་དཔལ་འབར་བསྐོར་བསྐྱོད་བྱེད་སྐབས་ ལྷོ་ཀོ་རི་ཡའི་སློབ་ཕྲུག་དང་རྒྱ་ནག་གི་སློབ་ཕྲུག་དབར་འཁོན་འཁྲུག་ཤོར་འདུག

2008.04.27

༄༅༎རྒྱ་ནག་གི་རྒྱལ་སའི་ནང་ད་ལོའི་ཕྱི་ཟླ་༨པའི་ཚེས་༨ནས་༢༤བར་ཚུགས་གཏན་འཁེལ་བའི་ཨོ་ལིམཔིཀ་ཀྱི་དཔལ་འབར་

དེ་བཞིན་ཁ་ས་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཝོལ་ནང་བསྐོར་བསྐྱོད་བྱེད་སྐབས་ བྱང་ཀོ་རི་ཡའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་རྒྱ་ནག་ནང་བྲོས་ བྱོལ་དུ་སླེབས་ཏེ་གནས་བཞིན་པའི་བྱང་ཀོ་རི་ཡའི་བཙན་བྱོལ་བ་ཚོར་རྒྱབ་སྐྱོར་བྱེད་མཁན་ལྷོ་ཀོ་རི་ཡའི་སློབ་ཕྲུག་ཚོ་ དང་ལྷོ་ཀོ་རི་ཡའི་ནང་གནས་བཞིན་པའི་རྒྱ་ནག་གི་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་དབར་འཁོན་འཁྲུག་ཤོར་ཡོད་པ་རེད་ རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པའི་དོན་རྐྱེན་ཐད་ བོད་མི་དང་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་མཁན་ཕྱིའི་རྒྱལ་ཁབ་ཁག་གི་མི་མང་ཚོས་ རྒྱ་ནག་གི་རྒྱལ་སའི་ནང་ཚུགས་རྒྱུའི་ཨོ་ལིམ་པིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ འཛམ་གླིང་གི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་མ་ཕེབས་རོགས་གནང་ཞེས་མི་མང་གི་འབོད་སྒྲའི་སྟོབས་ཤུགས་བརྒྱུད་

གནོན་ཤུགས་སྤྲད་དེ་ ཨོ་ལིམ་པིཀ་ཀྱི་རྩེད་འགྲན་ཐོག་འགོག་རྐྱེན་སྤྲད་དང་སྤྲོད་མུས་ཡིན་པ་རེད་ འོན་ཀྱང་ལྷོ་རི་ཀོ་ཡའི་ནང་ཁ་ས་ཨོ་ལིམ་པིཀ་ཀྱི་དཔལ་འབར་བསྐོར་བསྐྱོད་བྱེད་སྐབས་ ཆེས་སྡུག་རྩུབ་ཅན་གྱི་བྱང་ཀོ་རི་ཡའི་དམར་པོའི་སྲིད་གཞུང་འོག་ནས་རང་དབང་གི་དོན་དུ་ ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ཏུ་བྲོས་བྱོལ་ལ་འགྲོ་མཁན་བྱང་ཀོ་རི་ཡའི་མི་མང་རྣམས་ལ་ རྒྱ་ནག་གཞུང་གིས་བཙན་བྱོལ་གྱི་གོ་སྐབས་སྤྲོད་རྒྱུའི་ཚབ་ཏུ་ བྱང་ཀོ་རི་ཡའི་གཞུང་ལ་རྩིས་སྤྲོད་བྱེད་པའི་སྲིད་བྱུས་ཐོག་ལ་ངོ་རྒོལ་བྱེད་མཁན་ ལྷོ་ཀོ་རི་ཡའི་གཞོན་སྐྱེས་ཕོ་མོ་ཚོའི་དབར་འཁོན་འཁྲུག་ལངས་ཡོད་པ་རེད་ ཨོ་ལིམ་པིཀ་ཀྱི་དཔལ་འབར་ལྷོ་ཀོ་རི་ཡའི་རྒྱལ་སའི་བརྒྱུད་བསྐོར་བསྐྱོད་བྱ་རྒྱུའི་སྔོན་དེར་ ཨོ་ལིམ་པིཀ་ཀྱི་དཔལ་འབར་འཁྱེར་མཁན་ཁོངས་སུ་འདེམས་སྒྲུག་བྱས་པའི་ ལྷོ་ཀོ་རི་ཡའི་ཡུལ་མི་གཉིས་ཀྱིས་ རྒྱ་ནག་གིས་བོད་མིའི་ཐོག་དྲག་གནོན་བྱས་པར་ངོ་རྒོལ་བྱེད་ཕྱིར་ ཨོ་ལིམ་པིཀ་ཀྱི་དཔལ་འབར་འཁྱེར་རྒྱུར་ཁས་ལེན་མ་བྱས་པ་ཡིན་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎