དབུ་མའི་ལམ་ལ་རྒྱ་རིགས་ཤེས་ལྡན་པས་རྒྱབ་སྐྱོར།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱ་ནག་ནང་གི་རྒྱ་རིགས་ཤེས་ལྡན་པ་རྒྱབ་སྐྱོར་ཞུ་མཁན་ཇེ་མང་ཡིན་པ་གསུངས་འདུག

2013.01.15

དེ་ཡང་The Times of India ཞེས་པས་གནས་ཚུལ་སྤེལ་བའི་ནང༌། ཚེས་༡༣ཉིན་གསར་འགོད་འདུ་འཛོམས་སྐབས་༧གོང་ས་མཆོག་གིས་བོད་དོན་ཐོག་ལ་རྒྱ་མི་རིགས་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད་པ་དང་། ༢༠༠༨ནས་བཟུང་རྒྱ་མི་རིགས་ཤེས་ལྡན་པས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་པའི་རྩོམ་ཡིག་སྟོང་ཕྲག་སྤེལ་བ་བྱུང་ཡོད་པ་དང༌། རྩོམ་ཡིག་དེ་ཚོའི་ནང་དོན་ནི། རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་དང་མཉམ་བོད་ནང་འཛིན་པའི་སྲིད་ཇུས་གུ་ཡངས་གཏོང་དགོས་བ་བཤད་པ་སོགས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱ་ནག་ནང་གི་རྒྱ་རིགས་ཤེས་ལྡན་པ་རྒྱབ་སྐྱོར་ཞུ་མཁན་ཇེ་མང་ཡིན་པ་གསུངས་འདུག གསར་འགོད་པ་གཅིག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞལ་བཞུགས་པའི་སྐུ་དུས་རིང་བོད་ལ་རང་དབང་ཐོབ་རྒྱུའི་ཐུགས་རེ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར། རྒྱ་ནག་ནང་གི་མི་དམངས་དང༌། ལྷག་པར་དུ་རྒྱ་ནག་གི་ཤེས་ཡོན་ཅན་ཚོར་འདོད་བློ་མི་ཁེངས་པའི་གནས་སྟངས་ཡོང་བཞིན་ཡོད། བདེན་པར་མཐའ་ཡོད་པར་སོང༌། ངོས་རང་ལ་རེ་བ་ཡོད།  རྒྱ་ནག་གི་གོ་མཚོན་དང་དྲག་པོའི་དབང་ཤུགས་དེ་དུས་ཚོད་རིང་པོ་གནས་ཐུབ་ཀྱི་མ་རེད་ཅེས་བཀའ་ལན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎