འཛམ་གླིང་ཁྲོད་སྲོག་ཁྲིམས་གཅོད་མཁན་མང་ཤོས་རྒྱ་ནག


2014.03.28
ལྷ་སར་རྒྱ་ནག་གཞུང་གིས་སྲོག་ཁྲིམས་གཅོད་བཞིན་པ།
པར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས།

འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ནས་སྲོག་ཐོག་གི་ཉེས་ཆད་མང་ཤོས་གཏོང་ཡུལ་རྒྱ་ནག་ཡིན་པའི་སྙན་ཐོར་རྒྱ་ནག་གིས་ལན་འདེབས་བྱས་འདུག   
དེ་ཡང་ཉིན་ཤས་གོང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང༌། སྤྱི་ལོ་༢༠༡༣ལོར་རྒྱ་ནག་མ་ཡིན་པའི་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནང་བསྡོམས་པས་སྲོག་ཐོག་གི་ཉེས་ཆད་ཕོག་མཁན་༧༧༨་ཙམ་ལས་བྱུང་མེད་ཀྱང་། རྒྱ་ནག་གཅིག་པུའི་ནང་ཉེས་འཛུགས་འདྲ་མིན་གཡོག་པའི་ཐོག་ནས་མི་གྲངས་སྟོང་ཕྲག་མང་པོར་སྲོག་ཐོག་གི་ཉེས་ཆད་བཏང་ཡོད་པར་སོང་། རྒྱ་ནག་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ནས་སྲོག་ཐོག་གི་ཉེས་ཆད་མང་ཤོས་གཏོང་མཁན་གྱི་རྒྱལ་ཁབ་ཡིན་པའི་གསལ་སྟོན་གནང་ཡོད་པ་རེད། དེའི་ལན་དུ་འདི་ཚེས་༢༧ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Hong Lei ཡིས་གཏམ་བཤད་ཅིག་བྱས་པའི་ནང༌། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་ཐོག་ག་དུས་ཡིན་ནའི་ཕྱོགས་ལྷུངས་ཀྱི་ལྟ་ཚུལ་འཛིན་གྱི་ཡོད་པ་དང༌། རྒྱལ་ཁབ་གང་ཞིག་གི་ནང་སྲོག་ཐོག་གི་ཉེས་ཆད་གཏོང་བའི་ཁྲིམས་ལུགས་ཉར་ཚགས་བྱེད་དགོས་དང་མི་དགོས་ནི། ཡུལ་དེའི་རིག་གཞུང་དང་ས་གནས་ཀྱི་གནས་སྟངས་ལ་གཞི་བཅོལ་བྱེད་ཀྱི་རེད། རྒྱ་ནག་ནང་སྲོག་ཐོག་ཉེས་ཆད་གཏོང་བའི་ལམ་སྲོལ་ལག་བསྟར་བྱེད་བཞིན་པ་དེ་ཡིས། མང་ཚོགས་ཀྱི་བསམ་འདུན་སྒྲུབ་ཐུབ་ཀྱི་ཡོད་པ་མ་ཟད། ཚབས་ཆེའི་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྔོན་འགོག་དང་མེད་པ་བཟོ་རྒྱུར་ཡང་ཕན་ཐོགས་ཡོང་གི་ཡོད་སྐོར་བཤད་འདུག
གོང་ཞུས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང༌། རྒྱ་ནག་གཞུང་གིས་ལོ་ལྟར་སྲོག་ཐོག་གི་ཉེས་ཆད་སྟོང་ཕྲག་མང་པོ་གཏོང་གི་ཡོད་སྐོར་གསུང་པ་ལས། གྲངས་ཀ་ངེས་ཅན་གསལ་སྟོན་གནང་མེད་ཀྱང༌། འགྲོ་བ་མིའི་ལྟ་རྟོག་ཚོགས་པས་འདི་ལོའི་ཕྱི་ཟླ་དང་པོའི་ནང་སྙན་ཐོ་འདོན་སྤེལ་གནང་བའི་ནང༌། རྒྱ་ནག་ནང་ཆ་སྙོམ་ལོ་རེར་མི་གྲངས་སྟོང་ཕྲག་བཞི་ཙམ་ལ་སྲོག་ཐོག་གཏོང་གི་ཡོད་པའི་ཚོད་དཔག་གནང་ཡོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎