རྒྱ་ནག་ཉེན་རྟོག་ལས་ཁང་གི་བློན་ཆེན་གཞོན་པ་ཕྱིར་ཕུད།


2014.02.24
རྒྱ་ནག་ཉེན་རྟོག་ལས་ཁང་གི་བློན་ཆེན་གཞོན་པ་ལིའི་ཏུང་ཧྲན། ༢༠༡༢།༦ རྒྱ་ནག་ཉེན་རྟོག་ལས་ཁང་གི་བློན་ཆེན་གཞོན་པ་ལིའི་ཏུང་ཧྲན/
པར། IC

རྒྱ་ནག་གཞུང་གིས་རྒྱ་ནག་ཉེན་རྟོག་ལས་ཁང་གི་བློན་ཆེན་གཞོན་པ་ལིའི་ཏུང་ཧྲན་ལས་གནས་ནས་ཕྱིར་ཕུད་བཏང་འདུག
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་རྒྱ་ནག་སྲིད་ཁྲིམས་ལྷན་ཁང་གི་དཔོན་རིགས་མཐོ་གྲས་ཟུར་པ་ཀྲའུ་ཡུང་ཁང་དང་འབྲེལ་བ་ཡོད་པའི་རྒྱ་ནག་ཉེན་རྟོག་ལས་ཁང་གི་བློན་ཆེན་གཞོན་པ་ལིའི་ཏུང་ཧྲན། ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ནང་ལས་གནས་ནས་ཕྱིར་ཕུད་བྱས་ལུགས་གཟའ་ཟླ་བའི་ཉིན་རྒྱ་ནག་གིས་གཞུང་འབྲེལ་ཕྱིར་བསྒྲགས་བྱས་ཡོད་པ་དང་། ལིའི་ཏུང་ཧྲན་གྱིས་རྒྱ་ནག་གི་སྒྲིག་སྲོལ་དང་འགལ་བའི་ཚབས་ཆེའི་ལྐོག་ཟའི་གནད་དོན་ཡོད་པའི་དོགས་གཞི་འོག་ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ནང་གཞུང་ཕྱོགས་ནས་བཀག་ཉར་བྱས་ཡོད་པའི་སྐོར་འཁོད་ཡོད་པ་ལས་ཞིབ་ཕྲའི་གནས་ཚུལ་ཁ་གསལ་གང་ཡང་འཁོད་མེད་པ་རེད། རྒྱ་ནག་གྲུང་ཆིང་གྲོང་ཁྱེར་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བོའོ་ཤིའི་ལའི་ལ་རྒྱ་ནག་གཞུང་གིས་ལྐོག་ཟའི་གནད་དོན་གྱིས་ཁྲིམས་ཞིབ་བྱས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་རྗེས་པོའོ་ཤིའི་ལེ་ཡི་རྒྱབ་རྩ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་རྒྱ་ནག་སྲིད་ཁྲིམས་ལས་ཁང་གི་དཔོན་རིགས་མཐོ་གྲས་ཟུར་པ་ཀྲའུ་ཡུང་ཁའང་ཡང་བཟང་བཙོན་གྱི་རྣམ་པའི་འོག་བཞག་ཡོད་ལུགས་ཕྱི་ཕྱོགས་སུ་གྲགས་བཞིན་ཡོད་པ་མ་ཟད། དེང་སྐབས་རྒྱ་ནག་གཞུང་གིས་ཀྲའུ་ཡུང་ཁའང་དང་འབྲེལ་བ་ཡོད་པ་འམ་ཀྲའུ་ཡུང་ཁའང་གི་གཤམ་འོག་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟའི་གནད་དོན་གྱིས་ལས་གནས་ནས་ཕྱིར་འབུད་བྱེད་པ་སོགས་ཀྲའུ་ཡུང་ཁའང་དང་འབྲེལ་བ་ཡོད་པའི་དཔོན་རིགས་རྣམས་གཙང་སེལ་བཟོ་བཞིན་ཡོད་པའི་སྐོར་རོས་ཁྲར་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་འཁོད་འདུག ད་རེས་རྒྱ་ནག་ཉེན་རྟོག་ལས་ཁང་གི་བློན་ཆེན་གཞོན་པ་ལིའི་ཏུང་ཧྲན་དངོས་སུ་ལྐོག་ཟའི་གནད་དོན་གྱིས་ཞིབ་བཤེར་བྱ་རྒྱུའི་སྐོར་ཕྱིར་བསྒྲགས་པ་དེ་ཡང་རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༩༠ནས་༢༠༠༠ལོའི་བར་ཀྲུའུ་ཡུང་ཁང་གི་འོག་ལ་ལས་ཀ་བྱེད་མཁན་གྱི་དཔོན་རིགས་ཅིད་དབུན་ལིན་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པའི་གནས་ཚུལ་བཏོན་པའི་རྗེས་ཀྲའུ་ཡུང་ཁང་དང་འབྲེལ་བ་ཡོད་པའི་དཔོན་རིགས་ལ་ཞིབ་བཤེར་བྱེད་ཡ་མཐོ་གྲས་ཤིག་ཆགས་ཀྱི་ཡོད་པ་རེད།  
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎