རང་དབང་ཐོབ་ཐང་ཆེས་ཞན་པའི་རྒྱལ་ཁབ་སྡུག་ཤོས།


2014.01.24
རྒྱ་ནག་གི་རྒྱལ་ས་པེ་ཅིན། རྒྱ་ནག་ལ་ལས་འབྲས་ངན་པ་འབྱུང་རྒྱུའི་ཚོད་དཔག།
པར། རྒྱ་ནག་ནས་བཏང་འབྱོར།

རྒྱ་ནག་འཛམ་གླིང་གི་རང་དབང་ཐོབ་ཐང་ཆེས་ཞན་པའི་རྒྱལ་ཁབ་སྡུག་ཤོས་དེ་ཡིན་པ་རང་དབང་ལྷན་ཁང་གིས་སྙན་ཐོའི་ནང་བཏོན་འདུག

དེ་ཡང་ཚེས་༢༣ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ལ་རྟེན་གཞི་བྱས་པའི་Freedom House འམ་རང་དབང་ལྷན་ཁང་གི་ལོ་འཁོར་སྙན་ཐོ་ནང་། ཕྱི་ལོ་༢༠༡༣་ལོར་རྒྱ་ནག་གི་མི་མང་ལ་ཆབ་སྲིད་ཀྱི་ཐོབ་ཐང་ཞན་པའི་ཚད་གཞི་ཕྱི་ལོ་༢༠༡༤་ལོར་རང་འཇཌ་གནས་ཡོད་པ་དང་། སྤྱི་མང་ཐོབ་ཐང་ཡང་སྔ་ལོ་དང་འདྲ་བར་ཨང་གྲངས་༦་ལས་ཐོབ་མེད་པ། རང་དབང་ཐད་སྔ་ལོ་རྒྱ་ནག་ལ་ཨང་
གྲངས་༦་དང་ཕྱེད་ཀ་ལས་མ་ཐོབ་པ་ད་ལོ་རང་འཇཌ་གནས་འདུག ཚད་གཞི་དེ་ནི་རང་དབང་ཐོབ་ཐང་ཡོད་མེད་ཐད་བརྩི་རྒྱུའི་ཨང་གྲངས་དམའ་ཤོས་སམ་སྡུག་ཤོས་དེ་ཡིན་འདུག རང་དབང་ཁང་པའི་ནང་ཨེ་ཤེ་ཡའི་གནད་དོན་སྐོར་ཞིབ་འཇུག་གནང་མཁན་ལྕམ་Sarah Cook ལཌ་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན། བོད་ནི་རྩོད་གླེང་ཅན་གྱི་ས་ཁུལ་ཞིག་ཏུ་རྩིས་པ་ཡོད་པ་དང་། ལྷག་པར་བོད་ནང་རང་དབང་རྩ་བ་ནས་མེད་པས་ཨང་གྲངས་དེ་ཙམ་ལས་ཐོབ་མེད། རྒྱ་ནག་གཞུང་གིས་ད་དུང་
ཡང་བོད་མིའི་ཐོག་དྲག་གནོན་ཤུཌ་ཆེ་བྱེད་མུས་དང་། ཆ་འཕྲིན་དྲ་ལམ་ཁག་གི་ཐོག་དམ་བསྒྲཌ་བྱས་སྟེ་དེང་སྐབས་བོད་རང་སྐྱོང་ལྗོངས་ཟེར་བ་དང་། དེའི་ཉེ་འཁྲིས་ཞིང་
ཆེན་ཁག་ནང་བོད་མི་མང་པོས་རང་དབང་ཆེད་རང་ལུས་མེར་བསྲེཌ་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་
པའི་དྲག་གནོན་ཆེ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་བཞིན་པའི་གནས་ཚུལ་ཁག་ཕྱི་ཕྱོཌ་སུ་མ་ཁྱབ་པ་བྱེད་ཀྱི་ཡོད་པ། བོད་མིའི་ཐོག་སོ་བལྟའི་ལས་དོན་སྤེལ་ཤུཌ་ཆེ་རུ་བཏང་བ། རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་དེ་ད་ཆ་བོད་པའི་དགེ་བཙུན་ཙམ་མ་མིན་པར་བོད་མི་ཡོངས་ལ་སྤེལ་ཤུཌ་ཆེ་རུ་བཏང་བ་སོཌ་རང་དབང་དང་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པ་གསུངས་ཡོད།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎