རྒྱལ་ཚོགས་ནས་བོད་སྐོར་གྱི་སྤྱི་བསྒྲགས་སྤེལ་བར་ངོ་རྒོལ།

རང་ལུས་མེར་བསྲེགས་ཀྱི་མཚོན་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གིས་བློ་འཚབ་ཆེན་པོ་ཡོད་པའི་སྤྱི་བསྒྲགས་སྤེལ་བར་རྒྱ་ནག་གཞུང་གིས་ངོ་རྒོལ་ཡོད་པ་བཤད་འདུག

2012.11.05

དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལིས་ བོད་ནང་བོད་མི་རྣམས་རང་དབང་ངང་གནས་ཡོད་པ་དང་།  བོད་མི་མང་ཆེ་བ་འདོད་བློ་ཁེངས་པོའི་ངང་གནས་ཡོད་པ་རེད་ལ་།  བོད་མི་ཚོའི་ཆབ་སྲིད་དང་། དཔལ་འབྱོར་ ཆོས་དང་རིག་གཞུང་སོགས་ལ་སྲུང་སྐྱོབས་བྱ་བཞིན་པ་ཡིན་ལུགས་བཤད་འདུག ཡང་ཧོང་ལིས་ ༧གོང་ས་སྐྱབས་མགོན་ཆེན་པོ་དང་། ཁོང་གི་ཕྱོགས་ཁག་ཁ་བྲལ་རིང་ལུགས་པས་རང་ལུས་མེར་བསྲེགས་གཏོང་རྒྱུར་ངན་སྐུལ་བྱེད་ཀྱི་ཡོད་པ་དང་།  རང་ཉིད་ཀྱི་འདོད་དོན་སྒྲུབ་ཆེད་གཞན་ལ་དེ་ལྟ་བུའི་བློས་གཏོང་བྱེད་དུ་བཅུག་གི་ཡོད་ལུགས་བཤད་འདུག

དེ་བཞིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལིས་མཉམ་འབྲེལ་རྒྱལ་ཚོགས་དང་ རྒྱལ་སྤྱིའི་གཞུང་དང་ཚོགས་པ་ཁག་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་ནས་འགྲིགས་ཐབས་མེད་པའི་ཉེན་བརྡ་བཏང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གིས་བློ་འཚབ་ཆེན་པོ་ཡོད་པའི་སྤྱི་བསྒྲགས་སྤེལ་བར་རྒྱ་ནག་གཞུང་གིས་ངོ་རྒོལ་ཡོད་པ་བཤད་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་དབུ་ཁྲིད་Navi Pillay མཆོག་གིས་ རྒྱ་ནག་གཞུང་ལ་བོད་མིའི་དཀའ་སྡུག་སེལ་ཐབས་གནང་དགོས་པའི་ནན་སྐུལ་ཞུས་ཡོད་པ་དང་། ཁོང་གིས་ངས་བོད་མི་ཚོ་འུ་ཐུག་གི་ངང་ནས་རང་ལུས་མེར་བསྲེགས་གཏོང་བ་སོགས་ཐབས་ཟད་ཀྱི་ལས་འགུལ་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ བོད་ནང་བོད་མི་ཚོར་ཆོས་དད་རང་དབང་དང་། སྨྲ་བརྗོད་དང་། འདུ་འཛོམས་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོང་སུ་སྤྱོད་རྒྱུ་མེད་པའི་གནས་ཚུལ་མུ་མཐུད་ཡོང་བཞིན་པ་དེར་བློ་འཚབ་ཆེན་པོ་ཡོད་ལུགས་གསུང་ཡོད་།

དེ་འབྲེལ་དབུས་བོད་མིའི་སྒྲིག་འཛུགས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལྕམ་ Navi Pillay མཆོག་གིས་རྒྱ་ནག་གཞུང་ལ་རེ་འདུན་བཏོན་པའི་ནང་དོན་གཙོ་བོ་ནི། བོད་མི་རྣམས་ཡུན་རིང་ནས་དཀའ་ངལ་མྱངས་དང་མྱོང་བཞིན་པར་བརྟེན་ ད་ཆ་རང་ལུས་མེར་སྲེག་གཏོང་རྒྱུས་མཚོན་ འུ་ཐུག་ཐབས་ཟད་ཀྱིས་ལས་འགུལ་སྤེལ་ཏེ་རྒྱ་ནག་གཞུང་གིས་དམ་བསྒྲགས་ལ་ངོ་རྒོལ་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པ་དང། བོད་མི་ཚོས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་མུ་མཐུད་བྱེད་བཞིན་པའི་གནས་སྟངས་དེར་སེམས་འཚབས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་དེ་དག་གང་མྱུར་སེལ་ཐབས་བྱེད་དགོས་ཞེས་ལྕམ་གྱིས་རེ་འདུན་ཤུགས་ཆེ་བཏོན་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་སྤེལ་བའི་བསྒྲགས་གཏམ་དེས་ བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པར་ངོས་འཛིན་བྱས་པ་ཞིག་རེད་སྙམ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་གིས་བོད་དོན་དང་འབྲེལ་བའི་གནས་ཚུལ་གཞན་ཁག་གཅིག་ལ་རྒྱབ་སྐྱོར་གནང་ཡོདང་པ་རེད་ དཔེར་ན་ རྒྱལ་ཚོགས་ལས་ཁུངས་ནས་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་གནད་དོན་སྐོར་དང་། བོད་མི་རྣམས་ཀྱིས་ད་ཆ་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་སྤེལ་དགོས་ཐུག་པར་བརྟེན་ ལྷན་ཁང་ནས་བོད་མི་ཚོའི་གནས་སྟངས་ལ་བསམ་ཤེས་ཀྱིས་བོད་མི་ཚོར་སྨྲ་བརྗོད་རང་དབང་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་གནང་ཡོད་པ་དང་ བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་ཚོགས་ཆུང་དང་གསར་འགོ་པ་བོད་ནང་དུ་ཆེད་གཏོང་དགོས་ཞེས་རྒྱ་ནག་གཞུང་ལ་རེ་འདུན་བཏོན་ཡོད་པ་ ཕྱོགས་མཚུངས་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་གི་སྐུ་ཚབ་འཐུས་མི་རྒྱ་ནག་ནང་ཆེད་གཏོང་འཇུག་དགོས་པའི་འབོད་སྐུལ་ཐེངས་བཅུ་གཉིས་བྱས་ཟིན་པ་རྣམས་ལ་རྒྱ་ནག་གཞུང་གིས་ལག་བསྟར་དགོས་ཀྱི་རེད་ཞེས་ རེ་འདུན་ཤུགས་ཆེ་བཏོན་ཡོད་པ་སོགས་འཁོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎