ཉི་ཧོང་དང་རྒྱ་ནག་ཕན་ཚུན་བསམ་ཞིབ་བྱེད་གལ་ཆེ་བ་ནན་བརྗོད།
2014.02.27
ཨ་རིའི་གཞུང་ཚབ་པས་ཉི་ཧོང་དང་རྒྱ་ནག་ཕྱོཊ་གཉིས་དབར་ཕན་ཚུན་བསམ་ཤེས་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་ནན་བརྗོད་བྱས་འདུག
དེ་ཡང་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་Gary Lockeཡིས་རྒྱ་ནག་དང་ཉི་ཧོང་ཡུལ་གྲུ་ཕན་ཚུན་དབར་དོན་རྐྱེན་ཆུང་ཙག་ཁག་གི་ཐོག་ཕན་ཚུན་འགྲིག་ཆགས་མ་བྱུང་ཚེ་དེའི་མཇུག་འབྲས་དོན་རྐྱེན་ཆེན་པོར་འགྱུར་སྲིད་པ་དང་། དེར་བརྟེན་ཉི་ཧོང་དང་རྒྱ་ནག་ཕྱོགས་གཉིས་ཀས་གླིང་ཕྲན་བདག་དབང་གི་རྩོད་གླེང་གནད་དོན་ཞི་འཇམ་ཡོང་ཐབས་ཆེད་ཕྱོགས་གཉིས་དབར་གྱིས་གཞུང་འབྲེལ་འབྲེལ་ལམ་ཐོག་བསམ་ཞིབ་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་ཅེས་ཚེས༢༦ཉིན་གླིང་ཕྲན་བདག་དབང་གི་རྩོད་གླེང་གནད་དོན་ཐོག་གི་ཛ་དྲག་གནས་སྟངས་ཞི་འཇམ་དུ་གཏོང་ཐབས་གནང་དགོས་པའི་སྐུལ་མ་གནང་ཡོད། སྐུ་ཞབས་Gary Lockeཡི་ད་རེས་ཀྱི་བཀའ་མོལ་དེ་བཞིན་ཁོང་གིས་ཨ་རིའི་གཞུང་ཚབ་ཆེན་མོའི་མཚན་ཐོག་ནས་རྒྱ་ནག་དང་ཉི་ཧོང་དབར་གྱི་འབྲེལ་བའི་གནད་དོན ཐོག་བཀའ་མོལ་གནང་བ་མཐའ་མ་དེ་ཆགས་ཀྱི་ཡོད་པ་དང་། སྐུ་ཞབས་Gary Locke ཨ་རིའི་རྒྱ་ནག་ནང་གི་གཞུང་ཚབ་ཆེན་མོའི་ལས་གནས་ནས་དགོངས་ཞུ་གནང་སྟེ་གཟའ་འཁོར་འདིའི་གཟའ་སྤེན་པའི་ཉིན་ནས་ལས་གནས་གསར་དུ་བསྐོ་བཞག་གནང་བའི་གཞུང་ཚབ་ཆེན་མོ་སྐུ་ཞབས་Max Baucusལ་རྩིས་སྤྲོད་གནང་གི་ཡོད་པ་རེད།
གསར་འགོད་པ་འཆི་མེད།