ཨ་རིའི་སྐྱོན་བརྗོད་ལ་རྒྱ་ནག་གིས་ངོས་ལེན་བྱས་མེད་པ།

རྒྱ་ནག་གིས་ཁྲིན་ཀོང་ཁྲིན་གྱི་ཚ་བོ་ཁྲིན་ལ་ཁྲིམས་ཐག་གཅོད་སྟངས་ཐད་ཨ་རིའི་གཞུང་གིས་སྐྱོན་བརྗོད་གནང་བར་རྒྱ་ནག་གིས་ངོས་ལེན་མ་གནང་བའི་ཐོག་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་བ་བརྗོད་འདུག

2012.12.03

དེ་ཡང་རྒྱ་རིགས་ཁྲིམས་རྩོད་པ་ཁྲིན་ཀོང་ཁྲིན་གྱི་ཚ་བོ་ཁྲིན་ཁི་ཀོས་ཡིས་ ཉེན་རྟོག་པ་གཅིག་ལ་གྲི་རྒྱབ་ནས་རྨས་སྐྱོན་བཏང་བའི་ཉེས་མིང་འོག་ཁྲིམས་གཏུགས་འཁྱུགས་ཙམ་བྱས་རྗེས་ལོ་གསུམ་དང་ཟླ་བ་གསུམ་གྱི་བཙོན་བཅུག་ཁྲིམས་ཐག་བཅད་པ་དེར་། རེས་གཟའ་པ་སངས་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Victoria Nuland གྱིས་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་། འགྲོ་བ་མིའི་ཐོབ་ཐང་གང་ཅིའི་ཐད་ནས་འགལ་བ་ཞིག་ཡིན་པ་དང་། ཁོང་རང་གི་འདོད་མོས་ཡོད་པའི་ཁྲིམས་རྩོད་པ་ཐུགས་འཕྲད་བྱེད་དུ་མ་བཅུག་པའི་ཐོག་ཁོང་རང་ལ་དག་སེལ་ཞུ་རྒྱུའི་ཐོབ་ཐང་ཙམ་ཡང་མ་སྤྲད་པར་ཁྲིམས་ཐག་བཅད་པ་དེར་ཨ་རིའི་གཞུང་ལ་ཐུགས་ཚབས་ཆེན་པོ་ཡོད་ལུགས་གསུང་ཡོད་པ་རེད།

འོན་ཀྱང་དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལིས་ཨ་རིས་བློ་ཚབས་ཡོད་པ་གསུང་པ་དེར་སྐྱོན་བརྗོད་ཞུས་ཐོག་རྒྱ་ནག་གཞུང་གིས་མི་སྒེར་སོ་སོའི་ཁྲིམས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབས་གནང་གི་ཡོད་པ་དང་། རྒྱལ་ཁབ་གཞན་ཞིག་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་དེར་ངོས་ལེན་རྩ་བ་ནས་ཞུ་ཐབས་མེད་ལུགས་བཤད་འདུག  འདི་ལོའི་ཕྱི་ཟླ་༥ནང་རྒྱ་གཞུང་གི་ཉེན་རྟོག་པས་ཞི་བའི་ཡུལ་མིའི་ཆས་གྱོན་ཏེ་ཁྲིམས་མཐུན་མ་ཡིན་པའི་ཐོག་ནས་མཚན་མོ་ཁྲིན་ཁི་ཀོས་ཡི་ནང་དུ་ཡོང་སྟེ་གང་བྱུང་བསྔོག་བཤེར་དང་།  གཅར་རྡུང་བྱས་པར་བརྟེན་ཁྲིན་ཁི་ཀོས་ཡིས་རང་ཉིད་སྲུང་སྐྱོབ་ཆེད་ཉེན་རྟོག་པ་གཅིག་ལ་གྲི་རྒྱབ་པའི་རྗེས་རྒྱ་གཞུང་གིས་བསམ་བཞིན་དུ་མི་བསོད་རྩིས་བྱས་པའི་ནག་ཉེས་བཙུགས་ཏེ་ཁོང་འཛིན་བཟུང་བྱས་ནས་ད་ཐེངས་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག

ཡང་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཕྱག་རོགས་Mike Posner གྱིས་བོད་ནང་རང་ལུས་མེར་བསྲེགས་བཏང་མཁན་གསུམ་གྱི་ནང་མི་དང་ཐུགས་འཕྲད་བྱས་པ་དེར་རྒྱ་ནག་ཁོང་ཁྲོ་ལངས་ཏེ་ཨ་རིར་སྐྱོན་བརྗོད་བྱས་ཐོག་བོད་ནང་བོད་མི་རྣམས་བདེ་སྐྱིད་ཀྱི་ངང་གནས་ཡོད་ལུགས་ནན་བཤད་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎