ནག་མེད་ཉེས་འགེལ་གྱི་གྱོད་གཞི་འགོག་ཐབས་ཆེད་བསམ་འཆར།


2013.11.21
རྒྱ་ནག་པེ་ཅིན་ལ་ཡོད་པའི་མི་དམངས་ཁྲིམས་ཁང་། རྒྱ་ནག་པེ་ཅིན་ལ་ཡོད་པའི་མི་དམངས་ཁྲིམས་ཁང་།
པར། AFP

རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གིས་ཚ་དྲི་ཚ་ལེན་ཐོག་ནས་ནག་མེད་ཉེས་འགེལ་གྱི་བྱ་སྤྱོད་དེ་རིགས་མེད་པ་བཟོ་བའི་བསམ་འཆར་ཡིག་ཆ་བཏོན་འདུག

དེ་ཡང་ཕྱི་ཚེས་༢༡་ཉིན་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་གིས་ནག་མེད་ཉེས་འགེལ་གྱི་གྱོད་གཞི་འགོག་ཐབས་ཆེད་ཀྱི་ལས་དོན་བསམ་འཆར་ཟེར་བའི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང།་  དེའི་ནང་དོགས་ཡོད་གྱོད་ཡ་ཚོར་གྲང་ངར་དང་།  བཀྲེས་སྐོམ།  ཉི་མར་བསྲེག་པ།  དེ་བཞིན་ལུས་སེམས་གཉིས་ལ་དཀའ་ངལ་བཟོས་བ་སོགས་རྣམ་པ་འདྲ་མིན་གྱི་ཚ་འདྲི་ཚ ལན་གྱི་ཐོག་ནས་ངོས་ལེན་བྱེད་འཇུག་གི་ཡོད་པའི་ཐབས་ལམ་དེ་དག་མ་འོངས་མེད་པ་བཟོ་དགོས་པའི་བསམ་འཆར་བཏོན་ཡོད་ཅིང་། རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གི་བསམ་འཆར་ཡི་གེ་དེའི་ནང་ད་དུང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་རྒྱུ་དང་། ཁྲིམས་འཛིན་དྲང་བདེན་ཡིན་པ་མཚོན་ཐུབ་རྒྱུའི་ཆེད་ཁྲིམས་ཁང་གིས་དཔང་རྟགས་དང་། གྱོད་དོན་ཐོག་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ནས་གནས་ཚུལ་གསལ་པོ་ཤེས་ཐབས་བྱ་དགོས་པ་ལས་ཉེས་ཅན་པར་དོགས་གཞི་ཡོད་པའི་གྱོད་ཡས་ནག་ཉེས་ཁས་ལེན་བྱེད་ཡས་གཙོ་བོར་འཛིན་པའི་ལྟ་ཚུལ་དང་། བྱ་སྤྱོད་དེ་རིགས་ལ་འགྱུར་བ་གཏོང་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་སྐོར་འཁོད་ཡོད་པ་རེད།  ཡིན་ན་ཡང་རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་རང་དབང་མེད་པར་བརྟེན་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གིས་གོང་ཞུས་བསམ་འཆར་དེ་རིགས་བཏོན་ན་ཡང་། རྒྱ་ནག་གི་ཁྲིམས་ཁང་ནས་གྱོད་དོན་ཐོག་ཐག་གཅོད་བྱ་རྒྱུར་མཐའ་མ་རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་བསྐྱོད་དགོས་ཀྱི་ཡོད་ཅིང་།  ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་སྙན་ཐོ་འདོན་སྤེལ་བྱས་པ་མཐའ་མ་དེའི་ནང་གསལ་བ་ལྟར་། དམར་ཤོག་ཚོགས་པས་ཁྲིམས་ལུགས་དབང་ཆ་བཟུང་ཡོད་པའི་དབང་གིས་མཐའ་མའི་ཐག་གཅོད་བྱེད་ཀྱི་ཡོད་པར་བརྟེན་རྒྱ་ནག་ཁྲིམས་ཁང་གིས་ནག་ཉེས་བཙུགས་པ་ཚོར་ནག་ཉེས་ཡོད་པའི་ཁྲིམས་ཐག་གཅོད་རྒྱུ་དེ་བརྒྱ་ཆ་༩༩དང་ཚེག་༩ ཟིན་གྱི་ཡོད་པ་རེད།

གསར་འགོད་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎