འབྲུག་ཡུལ་དེང་རབས་ཅན་ལ་མཆོང་བསྐྱོད་བྱས་བ།


2014.03.26
འབྲུག་གི་རྒྱལ་ས་ཐིམ་པུ། ༢༠༠༩ འབྲུག་གི་རྒྱལ་ས་ཐིམ་པུ། ༢༠༠༩
པར། ཀླུ་འབུམ་བཀྲ་ཤིས།

འབྲུག་ཡུལ་ནང་ལག་ཐོགས་ཁ་པར་བེད་སྤྱོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ དེང་རབས་ཅན་ལ་མཆོང་བསྐྱོད་བྱས་བ་རེད་ཟེར།
དེ་ཡང་གནས་ཚུལ་ལྟར་ན། དེང་སྐབས་འབྲུག་ཡུལ་ནང་ལག་ཐོགས་ཁ་པར་བེད་སྤྱོད་བྱེད་མཁན་མང་བའི་གནས་ཚུལ་དེས། འབྲུག་ཡུལ་གྱི་རྒྱལ་ཁབ་དེ་བཞིན་ཞིང་བྲན་ལམ་ལུགས་ནས་བཟོ་པའི་གསར་བརྗེའི་དུས་རབས་བརྒྱུད་མ་དགོས་པར་དེང་དུས་ལ་མཆོངས་བསྐྱོད་བྱས་པ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་འབྲུག་གི་གསར་འགོད་པ་ལམ་བཟང་ལགས་ཀྱིས་གནས་ཚུལ་སྤེལ་བ་དང་། འབྲུག་རྒྱལ་ཁབ་ལ་མི་འབོར་འབུམ་བདུན་དང་ཕྱེད་ཀ་ཙམ་ཡོད་པ་དང་། ད་ལྟ་ཡུལ་དེའི་ནང་ལག་ཐོགས་ཁ་པར་བེད་སྤྱོད་བྱེད་མཁན་གྱི་གྲངས་འབོར་དེ་འབུམ་ལྔ་དང་ཕྱེད་ཀ་ཙམ་ཆགས་ཀྱི་ཡོད་པ་མ་ཟད། དེའི་ཁོངས་ནས་མི་འབོར་འབུམ་གཅིག་དང་ཁྲི་གཉིས་ཙམ་ཞིག་གིས་དྲ་རྒྱ་བེད་སྤྱོད་བྱེད་ཀྱི་ཡོད་པ་ཉམས་ཞིབ་བྱུང་ཡོད་པ་རེད། ལོ་ངོ་བཅུ་ཕྲག་འགའ་ཤས་རིང་འབྲུག་ཡུལ་གྱི་མི་སེར་རྣམས་ཀྱི་མི་ཚེ་སྐྱེལ་སྟངས་ཐོག་ཧ་ཅང་གི་འགྱུར་བ་ཆེན་པོ་ཕྱིན་ཡོད། དེ་ནི་འབྲུག་ཡུལ་ནང་ཕྱི་ཤུགས་རྐྱེན་མི་ཡོང་ཆེད་གཞུང་ཕྱོགས་ནས་ཚོད་འཛིན་བྱས་བ་བརྒྱུད་ཕྱི་ལོ་༡༩༩༩ལོ་ཙམ་ནས་མ་གཏོགས་བརྙན་འཕྲིན་བེད་སྤྱོད་བྱེད་འགོ་བཙུགས་ཐུབ་མེད་པ་དང་། སྐབས་དེར་ཡུལ་གྱི་མི་འབོར་གྱི་བརྒྱ་ཆ་༢༥ ཙམ་ཞིག་ལ་མ་གཏོགས་སྐམ་གློག་གི་མཐུན་རྐྱེན་མེད་ནའང་ད་ཆ་ཡུལ་གྱི་མི་མང་ཚང་མར་སྐམ་གློག་གི་མཐུན་རྐྱེན་ཡོད་པ་རེད། འབྲུག་ཡུལ་ནང་འཕྲུལ་རིགས་ཐོག་ཧ་ཅང་གི་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དེར་འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་དགའ་བསུ་གནང་བ་ལས་དེར་ངོ་རྒོལ་གྱི་རྣམ་པ་སྟོན་གནང་གི་མེད་པ་རེད། དེ་ཡང་སྲིད་བློན་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་འཕྲུལ་རིཊ་ནི་འབྲུག་ཡུལ་ཡར་རྒྱས་ཕུན་སུམ་ཚོགས་པ་ཡོང་རྒྱུར་ཕན་ཐོགས་ཡོང་གི་རེད་ཅེས་གསུང་འདུག
གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎