རྒྱ་མཚོའི་ནང་ནས་ད་བར་གང་ཡང་རྙེད་མི་འདུག


2014.03.21
རྒྱ་ནག་གི་གྲོང་ཁྱེར་ཀྲེ་ཅང་ཕྱོགས་སུ་སློབ་ཕྲུག་ཚོས་འབྲེལ་ཐག་ཆད་པའི་གནམ་གྲུའི་ཆེད་མར་མེ་སྒྲོན་བཞིན་པ། ༢༠༡༤།༣།༡༠ རྒྱ་ནག་གི་གྲོང་ཁྱེར་ཀྲེ་ཅང་ཕྱོགས་སུ་སློབ་ཕྲུག་ཚོས་འབྲེལ་ཐག་ཆད་པའི་གནམ་གྲུའི་ཆེད་མར་མེ་སྒྲོན་བཞིན་པ། ༢༠༡༤།༣།༡༠
པར། AFP

དོཊ་ཡོད་མཚོ་ཁུལ་ནས་ད་བར་བོར་བརླག་ལ་སོང་བའི་གནམ་གྲུ་དང་འབྲེལ་བ་གང་ཡང་རྙེད་སོན་བྱུང་མེད་པ་ཨོ་སུ་ཀྲེར་ལེ་ཡའི་ཕྱོཊ་ནས་བཤད་འདུག
དེ་ཡང་གནས་ཚུལ་ལྟར་ན། ཟླ་༣པའི་ཚེས་༨ནས་འབྲེལ་ཐག་ཆད་པའི་མཱ་ལེ་ཞི་ཡའི་གནམ་གྲུ་དེ་མུ་མཐུད་འཚོལ་བཞིན་པ་དང་། ཉིན་ཤས་གོང་ཨོསུ་ཀྲེ་ལི་ཡའི་མི་བཟོས་སྲུང་སྐར་གྱིས་བར་སྣང་ནས་ཡུལ་དེའི་ལྷོ་ནུབ་ཁུལ་གྱི་རྒྱ་མཚོའི་ནང་གནམ་གྲུའི་ཆག་རོ་འདྲ་བའི་དངོས་པོ་ཆེན་པོ་གཉིས་ཡོད་པ་ཤེས་རྟོགས་བྱུང་བ་དང་། དེ་གང་ཡིན་འཚོལ་ཞིབ་ཆེད་ཨོས་ཀྲེ་ལི་ཡས་ཆེད་མངགས་འཚོལ་ཞིབ་མི་སྣ་བཏང་ནས་འཚོལ་བཞིན་ཡོད་ཀྱང་། ཡུལ་དེའི་སྲིད་བློན་Tony Abbotམཆོག་གིས་ད་བར་དོགས་ཡོད་རྒྱ་མཚོའི་ཁུལ་དེར་གར་སོང་ཆ་མེད་གྱུར་བའི་མ་ལེ་ཤི་ཡའི་གནམ་གྲུ་འཚོལ་ཞིབ་བྱས་ན་ཡང་དངོས་པོ་ངོ་རྟགས་བཟུང་ཐུབ་པ་དང་། གལ་འགངས་ཆེ་བའི་གནས་ཚུལ་གང་ཡང་འབྱོར་མ་བྱུང་། ཡིན་ན་ཡང་འཚོལ་ཞིབ་ལས་དོན་མུ་མཐུད་ནས་སྤེལ་རྒྱུ་ཡིན་ཅེས་དང་། ཡང་ཁོང་གིས་རྒྱ་མཚོའི་ཁུལ་གྱི་གནམ་གཤིས་ཡག་པོ་མེད་པ་མ་ཟད། མིས་བཟོས་སྲུང་སྐར་གྱིས་དངོས་པ་དེ་གཉིས་ངོ་རྟགས་བཟུང་ནས་ཉི་མ་ལྔ་ཕྱིན་ཚར་བས། ད་ལྟ་དངོས་པོ་དེ་དག་ས་གནས་རང་ལ་ཡོད་མེད་བཤད་དཀའ་བ་དང་། རྒྱ་མཚོའི་གཏིང་ལ་འཐིམ་ཡོད་སྲིད་ལ་ཡང་ན་ཐག་རིང་ལ་ཁུར་ཡོད་སྲིད་པ་ཡང་གསུངས་འདུག
མཱ་ལེ་ཤི་ཡའི་གནམ་གྲུ་ཨང་གྲངས་༣༧༠་འཁོད་པ་དེ་ཡུལ་དེའི་རྒྱལ་ས་ཀོ་ལ་ལམ་པུར་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཕྱོཌ་སུ་འཕུར་བསྐྱོད་བྱས་པའི་ཆུ་ཚོད་ཁ་ཤས་རྗེས་སུ་གར་སོང་ཆ་མེད་དུ་གྱུར་ནས་ད་ཆ་བདུན་ཕྲག་གཉིས་མ་ཟིན་ཙམ་འགྲོ་བཞིན་པ་དང་། དེའི་ནང་འགྲུལ་བ་མི་གྲངས་༢༣༩་ཡོད་པ་དང་། དེ་ནི་ལོ་རྒྱུས་ཐོག་ཚོང་ལས་འགྲུལ་སྐྱེལ་གནམ་གྲུ་ཞིག་གར་སོང་མེད་པར་གྱུར་པའི་དུས་ཚོད་རིང་ཤོས་ཡིན་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎