མེ་མདའ་རྒྱབ་པར་སྐྱོན་བརྗོད།
2013.10.10
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོིག་པས་འབྲི་རུ་ཁུལ་གྱི་བོད་མིའི་ཐོག་མེ་མདའ་རྒྱབ་པའི་གནད་དོན་ལ་སྐྱོན་བརྗོད་གནང་ཡོད་འདུག
ཁ་ས་ཕྱི་ཟླ་བཅུ་པའི་ཚེས་༡༩་འཁོད་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་གི་ཉམས་ཞིབ་པ་Corinna-Barbara Francis མཆོག་གི་མཚན་ཐོག་སྤྱི་བསྒྲགས་སྤེལ་བའི་ནང་། བོད་མི་ཚོ་ཞི་བའི་ཐོག་ནས་འདུ་འཛོམས་བྱེད་ཡུལ་དུ་རྒྱ་ནག་གི་ཉེན་རྟོག་པས་གང་བྱུང་མེ་མདའ་རྒྱབ་པ་དེ་ནི་གནས་ཚུལ་ཧ་ཅང་ཚབས་ཆེན་པོ་རེད། དེ་ནི་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོས་བོད་མིའི་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བ་ཞིག་ཡིན་པ་མ་ཟད། བོད་མིའི་ཞི་བའི་འདུ་འཛོམས་ཀྱི་རང་དབང་ལ་བརྩི་མེད་བཏང་བའི་བྱ་སྤྱོད་ཅིག་རེད། སྤྱིར་བཏང་ནས་བོད་ཀྱི་ས་ཁྱོན་ཡོངས་ལ་རྒྱ་ནག་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་སུ་འབད་བརྩོན་བྱེད་རྒྱུའི་ཚབ་ཏུ་ཁོང་ཚོའི་ཐོག་དྲག་གནོན་བྱས་ནས་གནས་སྟངས་ཧ་ཅང་དངངས་སྐྲག་ངང་གནས་ཡོད་ལུགས་སྐྱོན་བརྗོད་གནང་བ་དང་སྦྲགས། གནས་སྟངས་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས་ལུགས་ཀྱང་འབོད་སྐུལ་གནང་ཡོད་པ་རེད།