ཉི་མ་གྲགས་པ་ལགས་ཀྱི་ཁ་ཆེམས་ཡིག་གེ་ཕྱི་ལ་ཐོན་པ།


2014.01.14
ཉི་མ་གྲགས་པ་ལགས་ཀྱི་ཁ་ཆེམས་ཡིག་གེ་ཕྱི་ལ་འབྱོར་བ། ཉི་མ་གྲགས་པ་ལགས་ཀྱི་ཁ་ཆེམས་ཡིག་གེ་ཕྱི་ལ་ཐོན་པ།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་འཁོད་པའི་ཉི་མ་གྲགས་པ་ལགས་ཀྱི་ཁ་ཆེམས་ཡིག་གེ་ཕྱི་ལ་ཐོན་འདུག
དེ་ཡང་ཕྱི་ལ་འབྱོར་བའི་ཁ་ཆེམས་ཡིག་གེ་ལྟར་ན། བོད་པའི་དགེ་འདུན་པ་དེ་ནི་ཁམས་རྟའུ་ནས་ཡིན་པ་གྲྭ་སྐེད་རི་ཉི་མ་གྲགས་པ་ལགས་ཡིན་པ་དང་། ཁོང་གིས་ཕྱི་ལོ་༡༩༨༨ནས་༡༩༩༩ བར་ཁྱོན་བསྡོམས་བོད་ལ་རང་བཙན་དགོས་པའི་སྦྱར་ཡིག་ཁག་བདུན་སྦྱར་ཞིང་། ཕྱི་ལོ་ ༢༠༠༠ ཐམ་པའི་ཕྱི་ཟླ་གསུམ་པའི་ཚེས་ ༢༢ ཡིན་ཁོང་ལྷ་སར་ཡོད་སྐབས་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་ཡོད་པ་ཉེ་ཆར་གསར་དུ་ཐོན་པའི་ཤོག་ལྷེ་གསུམ་ཅན་གྱི་ཁ་ཆེམས་ཡི་གེའི་ནང་གསལ་འདུག སྐེད་རི་ཉི་མ་གྲགས་ལགས་ཀྱི་ཁ་ཆེམས་དེའི་ནང་ཁོང་ལ་ཉེན་རྟོག་པས་འདྲི་བརྩད་གང་ཡང་མ་བྱས་སྔོན་ནས་ཉེས་བརྡུང་ཚབས་ཆེ་བཏང་ཡོད་པ་གསལ་ཡོད་ལ། ལྷ་ས་ནས་དཀར་མཛེས་སུ་འཁྲིད་ནས་ལོ་དགུའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཅིང་། སྔ་རྗེས་བཙོན་ཁང་ནས་ཉེས་བརྡུང་དྲག་པོ་ཕོགས་པ་དང་། རྐང་པ་གཉིས་ཀ་བཅག་འདུག དེ་བཞིན་ཁོང་གིས་ཁ་ཆེམས་དེའི་ནང་། བོད་མི་ཚོས་རྒྱ་ནག་གིས་བོད་མི་ཚོར་བརྙས་བཅོས་ཚབས་ཆེན་ཁྲིམས་མེད་ལུགས་མེད་བྱེད་བཞིན་ཡོད་པ་ཤེས་པར་བྱས་སྟེ་ཚང་མས་རྡོག་རྩ་གཅིག་བསྒྲིལ་གྱིས་རྒྱ་ནག་ལ་ངོ་རྒོལ་བྱེད་དགོས་ཅེས་གསལ་འདུག ཉེས་རྡུང་འོག་ཁོང་གི་གཟུགས་གཞིའི་གནས་བབས་ཧ་ཅང་སྐྱོ་པོ་ཆགས་སྟེ་ཕྱི་ལོ་ ༢༠༠༣ ལོར་ཡ་ང་བའི་རང་བཞིན་གྱི་ཐོག་ནས་འདས་གྲོངས་སུ་གྱུར་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྐེད་རི་ཉི་མ་གྲགས་ལགས་ཀྱིས་བཞག་པའི་ཁ་ཆེམས་དེས་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཇི་ཙམ་བྱས་མིན་ལ་མ་བལྟོས་པར་དོན་དངོས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་རྡོག་རོལ་གཏོང་བཞིན་པ་གསལ་པོར་སྟོན་གྱི་ཡོད་པ་བརྗོད་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎