བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༧༦ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

2025.01.26
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ་ ༧༦ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་མི་སེར་རྒྱལ་ཁབ་ཉིན་མོ་ཐེངས་༧༦སྲུང་བརྩི་ཞུས་སྐབས། ༢༠༢༥།༠༡།༢༦ ཉིན།
RFA/ Tenzin Dhonyoe

རྒྱ་གར་རྒྱལ་ཡོངས་དང་ལྷག་པར་རྒྱལ་ས་ལྡི་ལིའི་ནང་དུ་རྒྱ་གར་གཞུང་མང་གཉིས་ཀས། རྒྱ་གར་གྱིས་མང་གཙོའི་རྩ་ཁྲིམས་གཏན་འབེབས་གནང་སྟེ། རྒྱ་གར་མི་སེར་རྒྱལ་ཁབ་ཏུ་གྱུར་བའི་དུས་དྲན་ཐེངས་ ༧༦ དེ་བཞིན། ཟླ་ ༡ ཚེས་ ༢༦ ཉིན་སྲུང་བརྩི་ཟབ་རྒྱས་གནང་གི་ཡོད་པ་དང་མཚུངས། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་བཞུགས་སྒར་གངས་སྐྱིད་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དྲུང་ཆེ་རིམ་པ་སོགས་ལྷན་འཛོམས་ཀྱིས་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོ་སྲུང་བརྩི་གནང་སོང་ལ། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས། བོད་ཕྱི་ནང་གི་བོད་མི་ཚང་མའི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་ལ་འཚམས་འདྲི་ཞུས་པ་དང་འབྲེལ། རྒྱ་གར་གྱི་མང་གཙོའི་རྩ་ཁྲིམས་ནི་ཕོ་མོ་དང་རིགས་རུས་དབྱེ་འབྱེད་མེད་པ་དང་། རང་དབང་དང་འདྲ་མཉམ་དགོས་པར་འཁོད་པ་བཅས་མིག་ལྟོས་འཕེར་བ་ཞིག་ཡིན་པས། བོད་མི་ཚོས་རྒྱ་གར་ལ་མིག་ལྟོས་གནང་དགོས་པའི་གལ་གནད་གསལ་སྟོན་གནང་གི་འདུག

76th-India-republic-day-26Jan2025-p1.jpg
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་མི་སེར་རྒྱལ་ཁབ་ཉིན་མོ་ཐེངས་༧༦སྲུང་བརྩི་ཞུས་སྐབས། ༢༠༢༥།༠༡།༢༦ ཉིན།

གཞན་ཡང་སྲིད་ཚབ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས། འདི་ལོ་རྒྱ་གར་གྱི་མང་གཙོའི་རྩ་ཁྲིམས་གཏན་འབེབས་དུས་དྲན་གྱི་བརྗོད་གཞི་གཙོ་བོ་ནི། རྒྱ་གར་གྱི་རིག་གཞུང་སོགས་ཡར་རྒྱས་ལ་དམིགས་པའི་རྒྱ་གར་བའི་གསེར་གྱི་དུས་སྐབས་ཞེས་འཁོད་ཡོད་པ་དང་། རྒྱ་གར་ནི་བོད་མི་ཚོར་བཀའ་དྲིན་ཧ་ལས་པའི་ཆེན་པོ་དང་ང་ཚོའི་གནས་ཚང་ཡིན་པ་སོགས་ཀྱིས། རྒྱ་གར་གཞུང་མང་གཉིས་ཀར་བོད་མི་ཚོ་སེམས་ཐག་ཤིན་ཏུ་ཉེ་བ། ༸གོང་ས་མཆོག་གིས་དུས་རྟག་ཏུ་རྒྱ་གར་ནི་ཧ་ཅང་རྩ་ཆེན་པོ་ཡིན་པར་བཀའ་གནང་གི་ཡོད་པ་བཅས། རྒྱ་གར་གཞུང་གི་བཀའ་དྲིན་རྗེས་དྲན་གནང་གི་འདུག

ཉིན་འདིར་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་རྒྱ་གར་གཞུང་གིས། གནམ་ས་མཚོ་གསུམ་གྱི་དམག་ངོམས་ཀྱིས་མཚོན། རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་སོགས་ཆེས་མཐོའི་དཔོན་རིགས་རྣམ་པ་ཞལ་འཛོམས་ཀྱིས། རྒྱ་གར་མི་སེར་རྒྱལ་ཁབ་བམ་མང་གཙོའི་དུས་དྲན་གྱི་ཉིན་མོ་ཟབ་ཅིང་རྒྱས་པ་སྲུང་བརྩི་གནང་བའི་སྟེང་། རྒྱ་གར་སྲིད་བློན་ན་རེནྡྲ་མོ་དི་(Narendra Modi) མཆོག་ནས། རྒྱ་གར་གྱི་མི་སེར་རྒྱལ་ཁབ་འདི་ནི་མང་གཙོའི་ལམ་སྲོལ་གྱི་རྩ་ཁྲིམས་ཀྱི་ལམ་ནས་འགོ་བཙུགས་པ་ཞིག་ཡིན་པས། རྩ་ཁྲིམས་ཀྱི་དགོངས་པ་གཅེས་འཛིན་གྱི་བསམ་བློ་ནི་ཧ་ཅང་གལ་ཆེན་ཡིན་པ་དང་། ཕྱོགས་མཚུངས་རྒྱ་གར་སྟོབས་འབྱོར་ལྡན་པའི་ལམ་དུ་ཕྱོགས་དགོས་པ་འགངས་ཆེན་ཡིན་པའི་ལམ་སྟོན་ཕེབས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎