རྒྱ་ནག་པེ་ཅིན་ནང་གྲི་བརྒྱབ་ནས་མི་བདུན་བསད་འདུག


2014.11.20
རྒྱ་ནག་པེ་ཅིན་ནང་གྲི་བརྒྱབ་ནས་མི་བདུན་བསད་པའི་གནས་ཚུལ་འབྱུང་ཡུལ། ༢༠༡༡༤།༡༡།༢༠ རྒྱ་ནག་པེ་ཅིན་ནང་གྲི་བརྒྱབ་ནས་མི་བདུན་བསད་པའི་གནས་ཚུལ་འབྱུང་ཡུལ། ༢༠༡༡༤།༡༡།༢༠
དྲ་བཤུས

རྒྱ་ནག་པེ་ཅིན་བའེ་ཏའི་ཧའི་ཁུལ་གྱི་དམག་མིའི་སྨན་ཁང་ཞིག་ནང་གྲི་བརྒྱབ་ནས་མི་བདུན་བསད་པའི་དོན་རྐྱེན་བྱུང་འདུག
དེ་ཡང་དེ་རིང་BBCསོགས་ནས་གནས་ཚུལ་བཀོད་སྤེལ་བྱས་པ་ལ་གཞིགས་ན། དེ་རིང་ཟླ་༡༡་ཚེས་༢༠་སྔ་དྲོའི་ཚོུད་གསུམ་པ་ཙམ་ལ་རྒྱ་ནག་པེ་ཅིན་བའེ་ཏའི་ཧའི་ཁུལ་དམག་མིའི་སྨན་ཁང་ཞིག་གི་ལས་བཟོ་བོུའི་ཉལ་ཁང་དུ་གྲི་འཁྱེར་བའི་མི་ཞིག་འཛུལ་ཡོང་སྟེ་མི་བདུན་ལ་གྲི་བརྒྱབ་ནས་བསད་པ་དང་། གཅིག་ལ་རྨས་སྐྱོན་བཏང་བའི་སྐོར་བའེ་ཏེའི་ཧའི་ཁུལ་གྱི་ཉེན་རྟོག་པས་བཤད་འགྲེལ་བྱས་ཡོད་འདུག གོང་གསལ་གནས་ཚུལ་སྤེལ་བའི་ནང་། གྲི་བརྒྱབ་ནས་བསད་པའི་ཁོངས་དོ་དམ་མི་སྣ་གཅིག་ཚུད་པའི་མང་ཆེ་བ་སྨན་ཁང་དེའི་ནད་གཡོག་ཡིན་པ་དང་། གྲི་རྒྱབ་མཁན་གྱི་མིང་ལ་ལིའུ་ཤའོ་ལུང་ཟེར་བ་དང་། སྤྱི་༡༩༨༧་ལོར་སྐྱེས་ཤིང་། ཁོ་པ་ནི་སྨན་ཁང་དེའི་ནང་གི་ལས་བཟོ་ཡིན་པ་དེ་སྔ་སེམས་པ་མི་ཐང་བའི་བརྗེད་ཐོ་ཡོད་པ་དང་། ཐོག་མའི་ཞིབ་རྩད་བྱུང་བ་ལྟར་ན། མི་གསོད་མཁན་དེ་དང་རྐྱེན་འདས་སོང་བའི་མིའི་བར་འཁོན་འཛིན་འགལ་ཟླའི་རིགས་མེད་ལུགས་ཆུན་ཧོང་དའོ་གྲོང་ཁྱེར་དྲིལ་བསྒྲགས་ལས་ཁང་གིས་བཤད་འགྲེལ་བྱས་ཡོད་པ་དང་། ད་ལྟ་ཁོ་པ་ཉེན་རྟོག་པས་དོ་དམ་བྱས་ཟིན་ཡོད་འདུག
གོང་གསལ་སྨན་ཁང་དེའི་སྐོར་གནས་ཚུལ་དུ་བཀོད་ཡག་ལ། སྤྱི་༢༠༠༣་ལོ་བར་རྒྱ་ནག་གི་འགོ་ཁྲིད་ཚོ་ལོ་ལྟར་དབྱར་ཀའི་དུས་སུ་བའེ་ཏའི་ཧའི་ཁུལ་དུ་གཞུང་དོན་ལས་གཉེར་བྱེད་པའི་ལམ་ལུགས་ཤིག་བཟོས་ཡོད་པ་དང་། དེའི་ཁུལ་དུ་དུས་ད་ལྟའི་མཚམས་བར་རྒས་ཡོལ་ཕྱིན་པའི་མཐོ་རིམ་ལས་བྱེད་པའི་ལུས་གསོ་བྱ་ཡུལ་ཞིག་ཡིན་པ་དང་། མི་གསོད་གྱོད་གཞི་དེ་བྱུང་ཡུལ་༢༨༡་སྨན་ཁང་གི་བཅིངས་འགྲོལ་དམག་པེ་ཅིན་དམག་ཁུལ་ཁང་གི་བའེ་ཏའི་ཧའི་ལུས་གསོ་ཁང་དུ་ཡིན་པ་བཀོད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎