སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ཚོཌ་དུས་དྲུག་པ་གྲོལ།

བཞུགས་སྒར་དུ་སྐབས་བཅུ་བཞི་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོཌ་ཀྱི་ཚོཌ་དུས་དྲུག་པ་དེ་གཟའ་མིག་དམར་ཉིན་མཇུག་སྒྲིལ་ཡོད་པ་རེད།

2008.09.17

༄༅༎བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་སྐབས་བཅུ་བཞི་པའི་བོད་མི་དམངས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་རེས་གཟའ་མིག་དམར་ཉིན་མཇུག་སྒྲིལ་བ་དང་ཉིན་གྲངས་བརྒྱད་རིང་ཚོགས་པའི་ཚོགས་དུས་དེའི་རིང་ལ་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་ཀྱི་གནད་དོན་ཞི་བའི་ཐོག་སེལ་ཐབས་བྱ་རྒྱུའི་ཐད་སྔར་བས་འབད་བརྩོན་བྱ་ཕྱོགས་སྐོར་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་རེད།

བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཙོ་སྐུ་ཞབས་ཀརྨ་ཆོས་འཕེལ་ལགས་ཀྱིས་ཚོགས་འདུ་མཇུག་སྒྲིལ་བའི་གསུང་བཤད་ནང༌། འདི་ལོ་ཕྱི་ཟླ གསུམ་པའི་ཚེས་བཅུ་བོད་མིའི་རང་དབང་སྒེར་ལངས་ཉི་མོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་བྱེད་པའི་ཛ་དྲག་གི་གནས་སྟངས་དེ་བཞིན་འཕྲལ་དུ་ཞི་བའི་ཐོག་ནས་སེལ་ཐབས་ཀྱི་ཆེད་དུ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཐབས་འབད་བརྩོན་གནང་བའི་ལས་དོན་གྱི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་དེ་ཡང་སྦེལ་ཇེམ་གྱི་རྒྱལ་ས་སྦ་ར་སེལ་སེ་ནང་ཡོད་པའི་ཡོ་རོབ་གྲོས་ཚོགས་དང་དེ་བཞིན་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སོགས་རྒྱལ་སྤྱིའི་གླེང་སྟེགས་ཐོག་བོད་ནང་གི་ཛ་དྲག་གི་གནད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ་མ་ཟད། དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་དང་བོད་མི་དམངས་གྲོས་ཚོགས་ཀྱི་འཐུས་མིའི་བར་ལ་བོད་དོན་གོ་རྟོགས་སྤེལ་རེས་གནང་བ་ཧ་ཅང་གི་ཡག་པོ་བྱུང་བ་སོགས་བོད་མིའི་གྲོས་ཚོགས་ཀྱི་ཐོག་ནས་གཙོ་བོ་ཆ་ཤས་རྒྱལ་སྤྱིའི་གླེང་སྟེགས་དེ་དག་ཐོག་བོད་ཀྱི་ཛ་དྲག་གི་གནད་དོན་གོ་རྟོགས་སྤེལ་བ་བརྒྱུད་འཛམ་གླིང་གི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་དམིགས་བསལ་གྱི་འབད་བརྩོན་གནང་བའི་སྐོར་གསུང་ཡོད་པ་རེད། ལྷག་པར་དུ་བོད་ནང་གི་ཛ་དྲག་གི་གནད་དོན་ཐད་ལ་དམིགས་བསལ་གྱི་ཚོགས་ཆེན་ཕྱི་ཟླ་བཅུ་གཅིག་པའི་སྐོང་ཚོགས་གནང་རྒྱུའི་ཐུགས་གཏན་འཁེལ་བ་བཞིན་ཚོགས་ཆེན་དེའི་ཐོག་ལ་བོད་མིའི་གཞིས་ཆགས་ཁག་དང་བདེ་དོན་ལས་ཁང་ཁག་ས་གནས་གྲོས་ཚོགས་ཀྱི་འཐུས་མི། བོད་རང་དབང་ལྡན་པའི་ཚོགས་ཆུང་སོགས་མཉམ་ཞུགས་གནང་རྒྱུ་ཡིན་པ་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎