རྒྱ་གཞུང་གིས་མགོ་ལོག་ཁུལ་གྱི་བླ་མ་རྣམས་ལ་བཙན་བཀའ།
2012.02.04
༄༅༎མདོ་སྨད་མགོ་ལོག་ཁུལ་དུ་རྒྱ་ལོའི་ལོ་གསར་གྱི་ཚེས་གཅིག་ནས་ད་ལྟ་བར་དུ། རྒྱ་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་ཐེངས་དྲུག་བདུན་ཞིག་བྱས་ཡོད་ཅིང་། མི་སུམ་ཅུ་ལྷག་འཛིན་བཟུང་དང་མགོ་ལོག་ཁུལ་དུ་ཡོད་པའི་རྔ་བ་དང་ཁམས་ཕྱོགས་ཀྱི་ཚོང་ལས་བྱེད་མཁན་ཚང་མ་ཕྱིར་འཕུད་བཏང་བ་མ་ཟད། ར་རྒྱ་དགོན་དང་མགོ་ལོག་ཁུལ་གྱི་བླ་མ་རྣམས་ལ་བཙན་བཀའ་བཏང་ནས་རང་ལུས་མེར་བསྲེགས་བཏང་བ་རྣམས་དང་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་དགོས་པའི་བཙན་བཀའ་བཏང་ཡོད་ཀྱང་། བླ་མ་གཅིག་གིས་ཀྱང་ངོས་ལེན་མ་བྱས་པ་མ་ཟད། བླ་མ་ཁ་ཤས་ཀྱིས་ཉོག་དྲ་བཟོ་མཁན་ཁྱོད་ཚོ་ཡིན་ལ། ཁྱོད་ཚོས་ཉོག་དྲ་བཟོས་རྗེས་དེའི་མཇུག་འབྲས་ངེད་བླ་མ་དག་གིས་ཐག་གཅོད་བྱེད་དགོས་པའི་རྒྱུ་མཚན་ཅི་ཞིག་རེད་ཅེས་རྒྱ་ནག་གཞུང་ལ་ལན་སློག་ཡོད་པ་སོགས་ཀྱི་གནས་ཚུལ་བོད་ནང་གི་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་ཀེ་ཐོ་ལགས་སུ་ངོ་སྤྲོད་གནང་འདུག།